མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གི་དུག་འགོག་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-24 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ5བའི་ཚེས23ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་གྲོས་ཚོགས་བསྡུས་ཤིང་།  ཞིང་ཆེན་ཡོངས་ཀྱི་དགུ་འགོག་བྱ་བར་དབྱེ་ཞིབ་དང་སྤྱི་བསྡོམས་བྱས་པའི་དུས་མཚུངས་སུ།  དུག་འགོག་ཐད་ཀྱི་སྔོན་ཐོན་ཐུན་མོང་དང་། མི་སྒེར།ཞ  ཕུལ་བྱུང་ལས་ཁུངས་ལ་གཟེངས་བསྟོད་བྱས།

སྤྱི་ཟླ5བའི་ཚེས23ཉིན།  གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལས་རྒྱུས་ལོན་པ་ལྟར་ན་།  ན་ནིང་རང་ཞིང་གིས་དུག་འགོག་བྱ་བ་སྒྲུབ་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པའི་ལོ་ཞིག་ཡིན་ལ།  རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་དག་གིས་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ལ་གཞིར་བཟུང་ནས་དུག་རྫས་ལ་བརྟེན་ནས་ནག་ཉེས་བཟོ་མཁན་ལ་ཐོག་མཐའ་བར་གསུམ་དུ་རྡུང་རྡེག་ནན་མོ་བྱས་པ་དང་།  ནན་ཏན་སྒོས་སྤྱི་ཚོགས་སྟེང་ནས་དུག་འགོག་བྱ་བ་སྒྲུབ་པར་ཕན་འབྲས་ཅུང་ལེགས་པོ་ཐོབ་ཡོད་པས།  ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་གདེང་འཇོག་ཆེན་པོ་ཐོབ།  རྗེས་མར་རང་ཞིང་གིས་ཐབས་ཤེས་སྣ་ཚོགས་སྤྱད་དེ་དུག་རྫས་དང་འབྲེལ་བ་ཡོད་པའི་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་རྒྱུ་ཡིན་པ་དང་།  ནུས་་ཤུགས་ཡོད་དགུ་བཏོན་ནས་དེང་སྐབས་དུག་འགོག་བྱ་བའི་ཁྲོད་གནས་བའི་གནད་དོན་དག་སེལ་བྱས་པ་བརྒྱུད།  དུག་རྗས་ཁྱབ་གདལ་དུ་འགྲོ་བར་བཀག་འགོག་བྱས་ཏེ་སྤྱི་ཚོགས་ལ་གནོད་འཚེ་བཟོ་བར་འབད་པ་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག