མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཧེ་ཉིན་དང་ཧའོ་ཕིན་གཉིས་ཀྱིས་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་དངུལ་རྩའི་ལས་ཁུངས་བཅས་ཀྲུང་དབྱང་གི་ཁེ་ལས་དག་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-23 11:18

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལའོ་ཧེ་ཉིན་དང་ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་སྣེ་ཁྲིད་ནས།  རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཕྱོགས་ཀྱི་སྲིད་ཇུས་གཙོ་གནད་དང་རྣམ་གྲངས་སོགས་འབྲེལ་ཡོད་གནད་དོན་ཐད་རྒྱལ་ས་པེ་ཅིན་དུ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་།  རྒྱལ་ཁབ་ནུས་ཁུངས་ཅུའུ།  རྒྱལ་ཁབ་བསྡོམས་རྩིས་ཅུའུ།  ཀྲུང་གོའི་དམངས་བཀོལ་མཁའ་འགྲུལ་ཅུའུ།  རྒྱལ་ཁབ་གསར་སྤེལ་དངུལ་ཁང་།  རྒྱལ་ཁབ་ལྕགས་ལམ་སྤྱི་ཁྱབ་ཀུང་ཟི།  རྒྱལ་ཁབ་གློག་དྲ་ཀུང་ཟི།  རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཀུང་ཟི་བཅས་རྒྱལ་ཁབ་པུའུ་ཨུ་དང་དངུལ་རྩའི་ལས་ཁུངས།  ཀྲུང་དབྱང་གི་ཁེ་ལས་འགན་ཁུར་བར་ཐུག་འཕྲད་བྱས་ཏེ།  མཐུན་སྦྱོར་མཉམ་ལས་བྱེད་པར་བརྩོན་ལེན་བྱས་པ་དང་གྲུབ་འབྲས་མངོན་གསལ་ཐོབ།

    གྲོས་མོལ་ཁྲོད།  ལའོ་ཧེ་ཉིན་དང་ཧའོ་ཕིན་གྱིས་རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་རྣམ་པ་དང“ཁུལ་གསུམ”འཛུགས་སྐྲུན་དང་། “འཕེལ་རྒྱས་གསར་བ་གཉིས”ཀྱི་ཐབས་ཇུས་བཀོད་སྒྲིག་ལེགས་འགྲུབ་བྱུང་བར་མཚམས་སྦྱོར་བྱས་ཤིང་།  རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་དངུལ་རྩའི་ལས་ཁུངས།  ཀྲུང་དབྱང་གི་ཁེ་ལས་དག་གིས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཞུས།  ལའོ་ཧེ་ཉིན་དང་ཧའོ་ཕིན་གཉིས་ཀྱིས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་ཐད་གྲུབ་འབྲས་མི་ཉུང་བ་ཞིག་བླངས་ཡོད་ནའང་།  ས་ཁུལ་གཞན་དང་བསྡུར་ན་དཔལ་འབྱོར་ཅུང་རྗེས་ལས་ཡིན་པའི་རྣམ་པ་ད་དུང་འགྱུར་ལྡོག་བྱུང་མེད་པ་དང་།  ཕྱོགས་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལས་འགན་སྔར་བཞིན་ལྗིད་མོ་ཡིན།  དེར་བརྟེན་མཚོ་སྔོན་གྱིས་ཕྱོགས་གཅིག་ནས་རང་ནུས་ཅི་ལྕོགས་སྒོས་འབད་བརྩོན་བྱེད་དགོས་པ་དང་།  ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་པུའུ་ཨུ་དང་དངུལ་རྩའི་ལས་ཁུངས།  ཀྲུང་དབྱང་གི་ཁེ་ལས་དག་གིས་སྔར་ལས་ལྷག་པར་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པར་བསྟན།

    འབྲེལ་ཡོད་པུའུ་ཨུ་དང་དངུལ་རྩའི་ལས་ཁུངས།  ཀྲུང་དབྱང་གི་ཁེ་ལས་དག་གིས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོང་བར་གདེང་འཇོག་ཆེན་པོ་བྱས་པ་དང་།  མཚོ་སྔོན་གྱི་འཕེལ་རྒྱས་ལ་བསམ་འཆར་གང་ལེགས་བཏོན།  ཀའོ་ཡོན་ལོན་དང་ཀྲང་ཀོང་རོན།  ཁྲིན་ལོས་ཧྭ་སོགས་ཐུག་འཕྲད་བྱེད་པར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག