མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རི་ཆུ་ལ་བཅོས་སྐྱོང་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་ཀྱི་སྐྱེ་ཁམས་ལ་འགན་སྲུང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-23 11:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ5བའི་ཚེས22ཉིན་གྱི་སྔ་དྲོར།  ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ།  ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་།  ཞིང་ཆེན་ཞིང་ཕྱུགས་ཐིན་བཅས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱིས་མཉམ་སྒོས་སྒྲུབ་པའི“རི་ཆུ་ལ་བཅོས་སྐྱོང་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་ཀྱི་སྐྱེ་ཁམས་ལ་འགན་སྲུང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་པའི་མཛད་སྒོ”ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དུ་སྤེལ།

ཉེ་བའི་ལོ་འགའི་རིང་།  ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་ནུས་ཤུགས་ཡོད་ཚད་སྤྱད་དེ་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་།  རང་ཞིང་གི་སྙན་ཞུ་ཕུལ་བའི་གཙང་གསུམ་འབྱུང་ཡུལ་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་ལ་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་གྲས་སུ་བཞག་ཡོད་ལ།  མཚོ་སྔོན་མངའ་ཁོངས་ཀྱི་རི་ཆུ་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་པ་ནི་མི་ཡོངས་ཀྱི་འགན་འཁྲི་ཡིན་པར་བསྟན།  ད་ལོར་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་རྒྱལ་ཡོངས་ལ་ཕྱོགས་ཡོངས་སུ་རི་ཆུ་སྲུང་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་དགོས་ཤིང་།  དེའི་ནང་སྤྱི་ཚོགས་ཡོངས་ཀྱི་དང་བླངས་ཞབས་ཞུའི་སྟོབས་ཤུགས་ལ་སྐུལ་མ་བཏང་ནས་མེས་རྒྱལ་ཀྱི་རི་ཆུ་སྲུང་སྐྱོང་བྱེད་པའི་ལས་དོན་ནང་ཞུགས་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག