མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཐེངས6པའི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-23 11:18

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ5བའི་ཚེས22ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཐེངས་དྲུག་པ་གྲོས་ཚོགས་བསྡུས་ཏེ། བཟོ་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བའི ཐོན་ལས་གཙོ་བོའི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། ཞིན་ཉིན་ཐང་ཆེན་གྲོང་ཁྱེར་ཇུས་འགོད་དང་། དཔེ་མཛོད་ཁང་དང་རིག་གནས་ཁང་། མཛེས་རྩལ་ཁང་བཅས་ཀྱི་ལས་གཞི་ཇུས་འགོད་འཆར་གཞིའི་ཡར་ཞུ་ལ་ཉན་པར་མ་ཟད། སྐོར་བཞི་བའི་ཞིང་ཆེན་རིམ་པའི་ཡུལ་ལྗོངས་གྲགས་ཅན་འཛུགས་པའི་རྣམ་གྲངས་སྐོར་ནས་གྲོས་ཞིབ་བྱས།

    ཚོགས་ཐོག་ཏུ་ཐོན་ལས་གཙོ་བོའི་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་ནི་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། ཐོན་ལས་གྲུབ་ཚུལ་གྱི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་གྱི་སྔོན་དར་ས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་གཙོ་བོ་དང་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ང་ཚོས་བཟོ་ལས་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཚན་རིག་གི་འཕེལ་རྒྱས་དང་མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཡིན་པར་བསྟན།

    ཚོགས་ཐོག་ནས་ཐོན་ལས་གཙོ་བོའི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ན། གཅིག་ནས་ཐོན་ལས་ཇུས་འགོད་བཟང་བོ་བྱེད་དགོས་པ་དང་། གཉིས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། གསུམ་ནས་ཚོང་འགུག་དངུལ་འདྲེན་བྱ་བ་བཟང་བོར་སྒྲུབ་དགོས། བཞི་ནས་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།

    ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་དཔེ་མཛོད་ཁང་དང་རིག་གནས་ཁང་། མཛེས་རྩལ་ཁང་བཅས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་རིག་གནས་སྒྲིག་ཆས་བཟོ་སྐྲུན་གཙོ་བོ་ཞིག་ཡིན་པར་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་སྣང་བརྙན་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་ནུས་པ་གལ་ཆེན་ལྡན་པས། འབྲེལ་ཡོད་ལས་ཁུངས་སོ་སོ་དང་བཟོ་སྐྲུན་ལས་ཁུངས་ཀྱིས་ངེས་པར་དུ་དཔེ་མཛོད་ཁང་དང་རིག་གནས་ཁང་། མཛེས་རྩལ་ཁང་བཅས་འཛུགས་སྐྲུན་བྱེད་པར་ཧ་ཅང་མཐོང་ཆེན་བྱས་ཏེ། རྒྱུ་སྤུས་བདེ་འཇགས་ལ་ཤུགས་སྣོན་པ་དང་བཟོ་སྐྲུན་དུས་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

    ཚོགས་ཐོག་ནས་ཧུའུ་ཀྲུའུ་རྫོང་གི་དགོན་ལུང་དགོན་པ་སོགས་ཡུལ་ལྗོངས་ས་ཁུལ་ལྔ་སྐོར་བཞི་བའི་ཞིང་ཆེན་རིམ་པའི་ཡུལ་ལྗོངས་གྲགས་ཅན་གྱི་གྲས་སུ་འཇོག་པའི་སྐོར་གྱི་ཡར་ཞུ་ལ་རྩ་དོན་སྟེང་ནས་གྲོས་མཐུན་བྱུང་།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག