མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་མིན་ཡོན་རྫོང་གིས་བཅའ་ཁྲིམས་དགོན་སྡེ་རུ་སྐྱེལ་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-23 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་ཧེ་རིགས་རང་སྐྱོང་རྫོང་མི་རིགས་ཆོས་ལུགས་ཅུའུ་ཡིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བཅའ་ཁྲིམས་དགོན་སྡེ་རུ་སྐྱེལ་བའི་བྱ་འགུལ་ནན་ཏན་སྒོས་སྒྲུབ་པ་དང་། གྲྭ་བཙུན་དང་དགོན་སྡེ་དོ་དམ་ཨུ་ལྷན་ཚོགས་མི་བཅས་ཀྱི་བཅའ་ཁྲིམས་འདུ་ཤེས་མཐོར་འདེགས་སུ་གཏོང་ཆེད།  རྫོང་འདིས་ཆོས་ལུགས་མི་སྣའི་སྲིད་ཇུས་ཁྲིམས་ལུགས་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་།  《རྩ་ཁྲིམས》དང《ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་བསླབ་གཞི་རུ་བཞག་ནས་གསོ་སྦྱོང་བྱས།  མིག་སྔའི་བར་ཆོས་ལུགས་ཤེས་བྱ་དང་ཁྲིམས་ལུགས་གསོ་སྦྱོང་འཛིན་གྲྭ་ཐེངས6ལ་སྤེལ་ཞིང་།  མི200ལྷག་ལ་གསོ་སྦྱོང་ཐོབ་པ་མ་ཟད།  དགོན་སྡེ་དམངས་གཙོ་དོ་དམ་དགོན་སྡེ་ནོར་སྲིད་སོགས་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་སློབ་སྦྱོང་བྱེད་པའི་དུས་མཚུངས་སུ། “བདེ་འཇགས་དགོན་སྡེ”འཛུགས་སྐྲུན་བྱེད་པའི་བྱ་འགུལ་དང་བསྟུན།  གཅིག་བསྡུས་སྒོས་སྒྲོག་འགྲེལ་བྱེད་པ་དང་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱེད་པ་སོགས་ནུས་ཤུགས་ཡོད་ཚད་སྒོས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པས།  རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་ཁྲིམས་ལུགས་དང་བཅའ་ཁྲིམས་ཐད་ཀྱི་འདུ་ཤེས་མཐོར་འདེགས་བྱུང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག