མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འདས་ཟིན་པའི་ཟླ4ནང་རང་ཞིང་ནོར་སྲིད་ཕྱོགས་ཀྱིས་དམངས་འཚོ་ཐད་བཏང་བའི་མ་དངུལ་འཕར་སྣོན་བྱུང་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-23 11:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན།  ད་ལོའི་སྤྱི་ཟླ་དང་པོ་ནས་སྤྱི་ཟླ4བའི་བར་རང་ཞིང་གི་ནོར་སྲིད་ཕྱོགས་ཀྱིས་དམངས་འཚོ་ཐད་བཏང་བའི་མ་དངུལ་འཕར་སྣོན་བྱུང་ཡོད་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་སྤྱོད་ནོར་སྲིད་ཐད་སྒོར་དུང་ཕྱུར297.83དམངས་འཚོ་ཕྱོགས་སུ་བཏང་ཞིང་།  ལོ་སྔོན་མ་དང་བསྡུར་ན་དུས་མཉམ་ལས་སྒོར་དུང་ཕྱུར59.16འཕར་སྣོན་བྱུང་ཡོད་པ་དང་འཕར་ཚད24.8%ལ་སླེབས།

 དམངས་འཚོ་ཕྱོགས་སུ་བཏང་བའི་མ་དངུལ་ཁྲོད།  མཁར་གྲོང་འདུས་སྡོད་ཁུལ་གྱི་ལས་དོན་ཕྱོགས་སུ88.6%དང་། སྨན་བཅོས་འཕྲོད་བསྟེན་ཕྱོགས་སུ54.6%།  ནུས་ཁོངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཕྱོགས་སུ77.1%།  ཞིང་ལས་ཕྱོགས་ནས182.0%དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་སུ44.7%།  ལས་ཞུགས་རོགས་སྐྱོར་ཕྱོགས་སུ40.5%།  འཆི་གོད་གྱོང་གསབ་ཕྱོགས་སུ154.8%།  གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཕྱོགས་ནས34.6%བཅས་མ་དངུལ་གཏོད་ཚད་ཡར་འཕར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག