མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟློས་གར་འཁྲབ་སྟོན་པ་དཔལ་ལྡན་དབང་ཕྱུག་ལ་ཀྲུང་གོའི་ཟློས་གར་དཔྱིད་མེ་བྱ་དགའ་ཐོབ་པ།

རྩོམ་པ་པོ། རྩོམ་པ་པོ། བདེ་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-05-23 11:13

བོད་ཀྱི་ཟློས་གར་འཁྲབ་སྟོན་པ་དཔལ་ལྡན་དབང་ཕྱུག་ལགས།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན། སྐབས26པའི་ཀྲུང་གོའི་ཟློས་གར་དཔྱིད་མེ་བྱ་དགའི་མཐའ་མཇུག་གི་དཔྱད་འདེམས་ཁྱབ་བསྒྲགས་བྱས་པ་རེད། བོད་ལྗོངས་ཀྱི་ཟློས་གར་སྒྱུ་རྩལ་པའམ་བོད་ལྗོངས་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་དཔལ་ལྡན་དབང་ཕྱུག་ལགས་ལ་ཀྲུང་གོའི་ཟློས་གར་གྱི་དཔྱིད་མེ་བྱ་དགའ་ཞེས་པ་ཐོབ་ཅིང་། དེ་ནི1983ལོར་དཔྱིད་མེ་བྱ་དགའ་བཙུགས་པའི་ཚུན་ལ་བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་ཐོབ་པའི་བྱ་དགའ་ཆེས་ཐོག་མ་ཡིན་པ་རེད།

  དཔལ་ལྡན་དབང་ཕྱུག་ལགས་ཀྱིས་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཀྱི་ཡ་གྱལ་སྟེ《རྒྱ་བཟའ་ཀོང་ཇོ》དང《སྣང་ས་འོད་འབུམ》། དེ་མིན་གསར་དུ་བསྒྲིགས་པའི་དངོས་བརྗོད་ཟློས་གར《གསེར་མདོག་གི་ཕ་ས》བཅས་ཀྱི་ཚན་པ་ཁག་ཅིག་འཁྲབ་སྟོན་བྱས་པར་བརྒྱུད་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཟློས་གར་རྒྱུན་འཛིན་དང་ད་ལྟའི་བོད་ལྗོངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་མངོན་པར་མཚོན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག