མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་བྱ་བར་ཕྱོགས་བཞིའི་དབུལ་སྐྱོར་རྣམ་པ་གསར་བ་ཆགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 10:52

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་ས་ཁུལ་གཙོ་བོར་བཟུང་སྟེ། སྟོབས་ཤུགས་ཡོད་དགུས་ཆེད་དོན་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་བཅས་ཕྱོགས་བཞིས་དབུལ་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་པ་དང་། དབུལ་སྐྱོར་བྱེད་ཐབས་མྱུར་དུ་བསྒྱུར་ཞིང་། དབུལ་སྐྱོར་གསར་སྤེལ་གྱི་རྣམ་པ་གསར་བསྐྲུན་བྱས་ནས། སྡེ་བ་དག་ཐེར་དང་འཕེལ་རྒྱས་སུ་གཏོང་བ་དང་། གནས་སྤོར་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར། ལམ་ལུགས་གསར་སྐྲུན་བྱེད་པ་བཅས་དབུལ་སྐྱོར་གྱི་རྣམ་པ་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གསར་སྤེལ་གྱི་བགྲོད་ལམ་ཞིག་གསར་གཏོད་བྱས།

2011ལོ་དང2012ལོ་གཉིས་ལ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་བརྒྱད་དོན་ཐོག་ཏུ་འཁྱོར་བར་བྱས། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་སྟེང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་བཏང་བ་ཆེས་མང་བའི་ལོ་གཉིས་རེད། དབུལ་སྐྱོར་གྱི་ཚད་གཞི་གསར་བ་ལྟར། ལོ་གཉིས་ཀྱི་ནང་དབུལ་ཕོངས་མི་གྲངས་འབུམ་བཞི་དང་ཁྲི་གཉིས་སྟོང་བདུན་ཇེ་ཉུང་དུ་བཏང་བས། ལོ་རྒྱུས་སྟེང་གི་ཆུ་ཚད་གསར་བ་བསྐྲུན། 2012ལོའི་ལོ་མཇུག་བར་དུ། དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་སྒོར་སྟོང་ལྔ་དང་སུམ་བརྒྱ་རེ་བཞིར་བསླེབས་པ་དང་། 2011ལོ་ལས་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་བཞི་འཕར།

ད་ལྟ། མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་བྱ་བ་དེ་དབུལ་སྐྱོར་ལས་ཁུངས་ཀྱིས་ཆེད་དོན་དབུལ་སྐྱོར་བྱེད་པ་ཕྱོགས་ནས་ཕྱོགས་བཞིའི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ཕྱོགས་སུ་བསྒྱུར་བ་དང་། ཐར་ཐོར་དབུལ་སྐྱོར་བྱེད་པ་ནས་གཞི་ཁྱོན་ཅན་གྱི་དབུལ་སྐྱོར་བྱེད་པའི་ཕྱོགས་སུ་བསྒྱུར་ལ། སྡེ་བ་རེ་རེ་བཞིན་དབུལ་སྐྱོར་བྱེད་པ་ནས་དབུལ་ཕོངས་ས་ཁུལ་ཡོངས་ལ་དབུལ་སྐྱོར་བྱེད་པའི་ཕྱོགས་སུ་བསྒྱུར་ཞིང་། སྲིད་གཞུང་གིས་དབུལ་སྐྱོར་བྱེད་པ་ནས་ནང་ཕྱོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་དབུལ་བཅོས་ཕྱུག་སྒྱུར་བྱེད་པའི་ཕྱོགས་སུ་བསྒྱུར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག