མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཕྱི་གཏོང་ནང་འདྲེན་གྱི་ཉོ་ཚོང་ལས་སྤྱིའི་ཐོན་ཚད30%ཡར་འཕར་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-22 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ན་ནིང་སྤྱི་ཟླ9བ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་རྣམ་པ་རིམ་བཞིན་ཇེ་ལེགས་སུ་སོང་ཞིང་།  ཕྱི་གཏོང་ནང་འདྲེན་གྱི་ཉོ་ཚོང་ལས་ཡོང་སྒོ་ཇེ་མང་དུ་འགྲོ་བཞིན་ཡོད་པས།  ད་ལོའི་སྤྱི་ཟླ4བ་ནས་བཟུང་ཡར་འཕར་བའི་ཚུལ་ཞིག་མངོམ་ཡོད་པ་རེད།

 མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན།  སྤྱི་ཟླ་དང་པོ་ནས་སྤྱི་ཟླ4བའི་བར།  མཚོ་སྔོན་ཞིང་ཆེན་གྱིས་ཕྱི་གཏོང་ནང་འདྲེན་གྱི་ཉོ་ཚོང་ལས་སྤྱིའི་ཐོན་ཚད་ཨ་སྒོར་ཁྲི34843ལེགས་འགྲུབ་བྱུང་བ་དང་།  ལོ་སྔོན་མ་དང་བསྡུར་ན་དུས་མཉམ་ལས31.9%ཡར་འཕར།  དེའི་ནང་ཚོང་ཟོག་ཕྱི་གཏོང་ལས་སྤྱིའི་ཐོན་ཚད་ཨ་སྒོར་ཁྲི21388དང་།  འཕར་ཚད57.6%།  ཚོང་ཟོག་ནང་འདྲེན་ལས་སྤྱིའི་ཐོན་ཚད་ཨ་སྒོར་ཁྲི13455དང་།  འཕར་ཚད4.8%བཅས་ལེགས་འགྲུབ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག