མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱི་ཁེ་ལས་བརྒྱད་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཚོང་ཟོག་འགྲེམ་སྤེལ་སྟེང་ཞུགས་པ་དང་མཐོ་སྒང་གི་བདེ་ཐང་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-22 10:46

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ5བའི་ཚེས20ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  མཚོ་སྔོན་གྱི་ཚོང་རྟགས་ཐོན་རྫས་ཀྲེང་ཀྲུག་གྲོང་ཁྱེར་དུ་འགྲེམ་སྟོན་བྱེད་པའི་བྱ་འགུལ་ཁྲོད།  མཚོ་ལྷོ་ཁུལ་གྱི་ཁེ་ལས་བརྒྱད་ནས་ཐོན་པའི་མཐོ་སྒང་གི་བདེ་ཐང་ཐོན་རྫས་དགའ་བསུ་ཆེན་པོ་ཐོབ།

 མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་ཟི་དང་མཚོ་ལྷོ་ཁུལ་བི་ཤྭ་རྐམ་མི་རིགས་ལག་ཤེས་ཐོན་རྫས་ཚད་ཡོད་ཀུང་ཟི།  ཁྲི་ཀ་རྫོང་ཆང་རིགས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་བརྒྱད་ཚོང་ཟོག་འགྲེམ་སྟོན་ལ་ཞུགས་པ་དང་།  ཐོན་རྫས་སྣ་ཁ50འགྲེམ་སྤེལ་བྱས་པ་དང་ཐོན་རྫས་སྣ་ཁ15ལ་རོལ་མྱོང་བྱས་པ་མ་ཟད།  ཐོན་རྫས་སྣ་ཁ156ཕྱི་འཚོང་བྱས་པ་སོགས་ཡོང་སྒོ་སྒོར་ཁྲི130ལ་སླེབས་པ་དང་།  འཛད་སྤྱོད་པ་མི་ཐེངས་ཁྲི1.7སྣེ་ལེན་བྱས་ཤིང་།  ཕྱི་འཚོང་གན་རྒྱ21བཞག་པ་དང་ཐོན་རྫས་རོལ་མྱོང་བྱེད་པའི་མི་ཐེངས5000སྣེ་ལེན་བྱས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག