མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཁབ་ནགས་ལས་ཅུའུ་ཡིས་གུང་ཧོ་རྫོང་ནི་རྒྱལ་ཡོངས་ཀྱི་སྐོར་གཉིས་པའི་བྱེ་འདུལ་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་ཆོག་མཆན་གནང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-22 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན།  རྒྱལ་ཁབ་ནགས་ལས་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནི་རྒྱལ་ཡོངས་ཀྱི་སྐོར་གཉིས་པའི་བྱེ་འདུལ་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་ཆོག་མཆན་བཀོད།

 གུང་ཧོ་རྫོང་ནི་རང་ཞིང་གི་མངའ་ཁོངས་སུ་བྱེ་མའི་རྒྱ་ཁྱོན་ཅུང་ཆེ་བ་དང་།  བྱེ་རླུང་གི་གནོད་འཚེ་ཆེན་པོ་ཐེབས་པའི་ས་ཁུལ་ཞིག་ཡིན་ལ།  རྫོང་ཡོངས་ཀྱི་བྱེ་མའི་རྒྱ་ཁྱོན་མུའུ་ཁྲི712.66ཡོད་པས།  སྤྱིའི་རྒྱ་ཁྱོན་གྱི28.6%ཟིན། “ལོ་ལྔའི་ཚན་བཅུ་གཅིག”སྐབས་ནས་བཟུང་།  གུང་ཧོ་རྫོང་གི་ཐ་ར་ཐང་ས་ཁུལ་དང་རིག་སྨོན་གྲོང་རྡལ་སོགས་བྱེ་འགྱུར་ཛ་དྲག་ཡིན་པའི་ས་ཁུལ་དུ་རྨོ་འགོག་ནགས་སྐྱོང་དང་།  རང་སྐྱོང་ནགས་ཚལ་ཐོན་ཁུངས་འགན་སྲུང་།  མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་འགན་སྲུང་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་ཐད་ཀྱི་འཛུགས་སྐྲུན་རྣམ་གྲངས་བརྩོན་ལེན་བྱས་པ་བརྒྱུད།  ནགས་ཚལ་ཁེབས་ཚད2006ལོའི3.3%ནས2012ལོའི6.18%ལ་སླེབས་ཡོད་པ་དང་།  ལྗང་འགྱུར་བྱས་ཚད3.4%ནས6.24%ལ་སླེབས་ཡོད་པས། སྐྱེ་ཁམས་ཐད་ཀྱི་ཕན་འབྲས་ཅུང་ལེགས་པོ་ཐོབ།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག