མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གློག་ཤུགས་ཚན་ཆུང་གིས་རོང་འབྲོག་ས་ཁུལ་དུ་གློག་ཤུགས་བཀོལ་དཀའ་བའི་གནད་དོན་ཐག་བཅད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-22 10:46

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གློག་འདོན་ཀུང་ཟིས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཡིད་ལ་དམ་པོ་བཅིངས་ནས།  གཞི་རིམ་དུ་སོང་ནས་གློག་བཀོལ་དུད་ཁྱིམ་ཚོའི་གློག་ཤུགས་བཀོལ་དཀའ་བའི་གནད་དོན་ཐག་བཅད་པ་དང་།  རོང་འབྲོག་པའི་དགོས་མཁོ་ལྟར་གློག་ཤུགས་རྒྱུན་ཤེས་སློབ་སྦྱོང་བྱེད་དུ་བཅུག་པ་དང་གཅིག་གྱུར་སྒོས་སློབ་སྦྱོང་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱས།  གློག་ཤུགས་ཚན་ཆུང་གིས་ད་དུང“གློག་བཀོལ་གཏམ་རྒྱུད”དང་སློབ་སླ་བའི་གློག་ཤུགས་རྒྱུན་ཤེས་སོགས་དཔེ་བཞག་ནས།  འབྲོག་ཁུལ་དུ་ཟབ་ཞུགས་བྱེད་པ་དང་་གློག་བཀོལ་རྒྱུན་ཤེས་དང་སྡོད་དམངས་ཀྱི་གློག་བཀོལ་མཛུབ་སྟོན་སོགས་ལག་དེབ་ཞིག་རྩོམ་སྒྲིག་བྱས་པས། རོང་འབྲོག་པས་བདེ་འཇགས་ངང་གློག་ཤུགས་བཀོལ་པར་བསམ་འཆར་གང་ལེགས་བཏོན་པ་དང་།  ས་དེའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་གློག་ཤུགས་ཐད་ཀྱི་གནད་དོན་རབ་དང་རིམ་པ་ཧུར་ཐག་སྒོས་ཐག་གཅོད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག