མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས“གློག་འཕྲིན་བརྒྱུད་ནས་སྙད་འདོགས་གཡོ་ལེན་སྔོན་འགོག་བྱེད་པའི”དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-20 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ5བའི་ཚེས17ཉིན།  མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་མཚོ་སྔོན་བརྡ་འཕྲིན་དོ་དམ་ཅུའུ་དང་མཉམ་འབྲེལ་བྱས་ཏེ།  གློག་འཕྲིན་བརྒྱུད་ནས་སྙད་འདོགས་གཡོ་ལེན་སྔོན་འགོག་བྱེད་པ་དང་།  མི་དམངས་མང་ཚོགས་ཀྱི་ཁེ་དབང་འགན་སྲུང་བྱེད་པར་གཙོ་བྱས་པའི་དྲིལ་བསྒྲགས་བྱ་འགུལ་སྤེལ།

 བྱ་འགུལ་ལས།  རྩ་འཛུགས་སྡེ་ཁག་གིས་ཟི་ལིང་དཀྱིལ་སྙིང་ཐང་ཆེན་དུ་ཚོགས་རུ་བཙུགས་ནས།  དྲིལ་བསྒྲགས་ནག་པང་དང་ཡིག་ཆ་འགྲེམ་སྤེལ་བྱེད་པ།  ཡུལ་དངོས་སུ་འབྲེལ་ཡོད་ཁྲིམས་ལུགས་ལེན་འདེབས་པ་སོགས་རྣམ་པ་མང་པོ་བརྒྱུད།  རིམ་པ་མི་གཅིག་པ་དང་ཕྱོགས་ཡོངས་ནས་གློག་འཕྲིན་བརྒྱུད་ནས་སྙད་འདོགས་གཡོ་ལེན་བྱེད་པའི་ནག་ཉེས་ལ་སྔོན་འགོག་དང་རྡུང་རྡེག་བྱེད་པའི་དྲིལ་བསྒྲགས་བྱ་འགུལ་སྤེལ།

ཞིང་ཆེན་སྤྱི་བདེ་ཐིན་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འགན་ཁུར་མི་སྣས་གློག་འཕྲིན་བརྒྱུད་ནས་སྙད་འདོགས་གཡོ་ལེན་བྱེད་པ་ནི་ཧ་ཅང་ཛ་དྲག་ཡིན་པའི་ནག་ཉེས་ཡིན་པ་དང་།  མང་ཚོགས་ཀྱི་དཔལ་འབྱོར་ཁེ་ཕན་ལ་གནོད་པ་ཆེན་པོ་ཐེབས་ཡོད་པས།  རེ་བ་ཡིན་ན་ཐེངས་འདིའི་བྱ་འགུལ་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་སྔོན་འགོག་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ།  ནག་ཉེས་བཟོ་མཁན་ལ་ནག་ཉེས་བཟོ་བའི་སྐལ་བ་ཇི་ཡང་མེད་པར་གཏོང་དགོས་ཞེས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག