མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་མཚོ་སྔོན་གྱིས་བཙོག་ཆུ་གཙང་དག་བཟོ་གྲྭ40འཛུགས་སྐྲུན་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།    2013-05-20 10:44

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་སྤྱི་ཟླ5བའི་ཚེས13ཉིན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་མཚོ་སྔོན་གྱིས་བཙོག་ཆུ་གཙང་དག་བཟོ་གྲྭ40འཛུགས་སྐྲུན་བྱེད་རྒྱུ་རེད།

མིག་སྔའི་བར།  རང་ཞིང་གིས་མཁར་གྲོང་བཙོག་ཆུ་གཙང་དག་བཟོ་གྲྭ23འཛུགས་སྐྲུན་བྱས་ཚར་ཡོད་པ་དང་།  ཉིན་རེའི་བཙོག་ཆུ་ཏུན་ཁྲི45.37གཙང་དག་བྱེད་ཀྱིན་ཡོད་ལ།  དེའི་ནང་འཁོར་སྐྱོད་བྱེད་བཞིན་པའི་ཟི་ལིང་གྲོང་ཁྱེར་གྱི་བཙོག་ཆུ་བཟོ་གྲྭ་དང་པོ་དང་གཉིས་པ། གསུམ་པ་དང་།  ཏ་ཐུང་དང་ཧོང་ཀྲུང་སོགས་མཁར་གྲོང་བཙོག་ཆུ་གཙང་དག་བཟོ་གྲྭ18བཅས་ནས་ཉིན་རེའི་བཙོག་ཆུ་ཏུན་ཁྲི39.3གཙང་དག་བྱེད་བཞིན་ཡོད།  ཞོན་ཧ་དང་ཐེམ་ཆེན།  ཝུའུ་ལམ།  ཡུས་ཧྲུའུ་ཁུལ་སྐྱེ་དགུ་གྲོང་རྡལ་དང་མགོ་ལོག་ཁུལ་རྟ་བོ་གྲོང་རྡལ་གྱི་བཙོག་ཆུ་གཙང་དག་བཟོ་གྲྭ་དང་ན་གོར་མོ་གྲོང་ཁྱེར་བཙོག་ཆུ་གཙང་གྲྭ་བཟོ་གྲྭའི་བཙོག་ཆུ་ཕྱིར་བསྡུ་བཟོ་འགོད་སོགས་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ།  འཆར་འགོད་ལྟར་ཉིན་རེའི་བཙོག་ཆུ་ཏུན་ཁྲི6.07གཙང་དག་བྱེད་ནུས།

རྒྱུས་ལོན་པ་ལྟར་ན།  2008ལོ་ནས་བཟུང་རང་ཞིང་གིས་མཁར་གྲོང་བཙོག་ཆུ་གཙང་དག་བཟོ་གྲྭ20འཛུགས་སྐྲུན་བྱས་པ་དང་།  ཉིན་རེའི་བཙོག་ཆུ་ཏུན་ཁྲི25.37གཙང་དག་བྱེད་ནུས།  མ་འོངས་བའི་ལོ་གཉིས་ནང་རང་ཞིང་གིས་ད་དུང་འཆར་འགོད་ལྟར་བཙོག་ཆུ་གཙང་དག་བཟོ་གྲྭ17འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་།  སྐབས་དེར་ཐོན་དུས་ཞིང་ཆེན་ཡོངས་ཀྱི་རྫོང་རེ་རེ་ནས་བཙོག་ཆུ་གཙང་དག་བཟོ་གྲྭ་ཡོད་ངེས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག