མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པར་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-20 10:44

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་ཡུས་ཧྥུན་ཅིན་གྱིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེ་སྐྱེས་པའི་རྒྱང་རྒྱུད་འགྲན་བསྡུར་སྟེང་གསེར་གྱི་རྟགས་པ་བླངས་བ་དང་།  འཐུས་ཚབ་ཚོགས་པའི་ལུས་རྩལ་པ་རྣམས་ལ་འགྲན་ཚོགས་འདིའི་སྟེང་བྱ་དགའ་ཐོབ་པར་སྐུལ་འདེད་བྱས་པས།  ཆེད་དུ་ཁྱོད་ཚོ་ལ་རྟེན་འབྲེལ་ཞུས།

 ཉེ་བའི་ལོ་འགའི་རིང་།  མཚོ་སྔོན་གྱིས་ལུས་རྩལ་དར་སྤེལ་བྱེད་པར་དོན་དངོས་སུ་གཞིར་བཟུང་ནས།  གཙོ་གནད་རྣམ་གྲངས་གཙོ་བྱེད་པ་དང་ཚན་རིག་གི་ལམ་ནས་འཇོན་མི་བདམས་པ།  ཚན་རིག་ལ་བརྟེན་ནས་ལུས་རྩལ་པ་གསོ་སྦྱོང་བྱེད་པ་སོགས་མཚོ་སྔོན་གྱི་ལུས་རྩལ་རྣམ་གྲངས་དར་སྤེལ་བྱེད་པར་འཕེལ་རྒྱས་གསར་བ་བྱུང་།  རེ་བ་ཡིན་ན་ཁྱོད་ཚོས་མུ་མཐུད་དུ་མཚོ་སྔོན་གྱི་མཚན་སྙན་གྲགས་རྒྱས་བར་འབད་པ་ལྷད་མེད་བྱེད་པ་དང་།  ལུས་རྩལ་འགྲན་བསྡུར་གྱི་བློ་སྤོབས་ལེགས་པོ་རྒྱུན་འཁྱོངས་བྱེད་པ་དང་བློ་མཐུན་ཡུས་ཧྥིན་ཅིན་དཔེ་མིག་རུ་བཟུང་ནས།  རྗེས་མའི་འགྲན་བསྡུར་སྟེང་གྲུབ་འབྲས་ལེགས་པོ་ཐོབ་པར་སྨོན།  ། 

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས།  2013ལོའི་སྤྱི་ཟླ5བའི་ཚེས19ཉིན། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག