མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚན་རྩལ་ཁྱབ་གདལ་དུ་བཏང་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཚན་རྩལ་བྱ་འགུལ་གཟའ་འཁོར་ཟི་ལིང་ནས་སྤེལ་མགོ་བརྩམས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-20 10:44

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་མཐོ་རིམ་སློབ་གྲྭ་ཆེན་མོ། ཚན་རིག་ཞིབ་འཇུག་ལས་ཁུངས། འབྲེལ་ཡོད་ཁེ་ལས་བཅས་ཞུགས་པའི“ཚན་རྩལ་གསར་སྐྲུན་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་སྙེག་པ”ཞེས་པ་བརྗོད་དོན་ཡིན་པའི་2013ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་དང་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཚན་རྩལ་ཁྱབ་གདལ་དུ་བཏང་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ཞེས་པའི་ཚན་རྩལ་ཁྱབ་གདལ་བྱ་འགུལ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་ནས་སྤེལ་འགོ་བརྩམས་པའི་མཛད་སྒོ་བསྡུས། ཉིན་དེར། བྱ་འགུལ་དེ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་མཉམ་དུ་སྤེལ་མགོ་བརྩམས། མཚོ་སྔོན་མདོ་དབུས་མཐོ་སྒང་རང་བྱུང་རྟེན་མཛོད་ཁང་དང་། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ཁོངས་སུ་གཏོགས་པའི་ཚྭ་ཨར་ཧན་རྟེན་མཛོད་ཁང་གཉིས་ལ་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་ཞེས་པའི་མིང་དངོས་སུ་བཏགས།

ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཚན་རྩལ་བྱ་འགུལ་གཟའ་འཁོར་གྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་གསར་གཏོད་རང་བཞིན་དང་འབྲེལ་འདྲིས་རང་བཞིན། ཕན་འབྲས་རང་བཞིན་བཅས་གཞི་གཅིག་ཏུ་འབྲེལ་བའི་ཚན་རྩལ་ཁྱབ་གདལ་བྱ་འགུལ་སྣ་ཚོགས་བཞི་བཅུ་ལྷག་སྤེལ་རྒྱུ་ཡིན་པ་མ་ཟད། ཞིང་ཆེན་ཚན་རྩལ་ཐིན་གྱི་ཚན་རྩལ་གསར་སྐུལ་དང་ཁེ་ལས་འཕེལ་རྒྱས་ཕྱོགས་ཀྱི་ཤེས་བྱ་འགྲེམ་སྤེལ་དང་།  ཚན་རྩལ་གྲུབ་འབྲས་དོ་དམ་ཤེས་བྱ།  ལག་རྩལ་ཚོང་རའི་ཤེས་བྱ་སོགས་འདུས་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པའི་དུས་མཚུངས་སུ།  ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ20དང་།  ཚན་རིག་ཞིབ་འཇུག་སྡེ་ཁག  ཉམས་ཞིབ་ཁང་སོགས་སྤྱི་ཚོགས་ཡོངས་ལ་སྒོ་འབྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག