མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་ཞིང་ལས་འཕྲུལ་ཆས་ཉོ་སྡུད་ཀྱི་ཁ་གསབ་མ་དངུལ་ཐད་ཀར་དུ་ཁྱིམ་ཚང་ལ་སྟེར་རྒྱུ་རེད།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-19 10:34

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ནོར་སྲིད་གྱིས་ཞིང་ལས་འཕྲུལ་ཆས་ཉོ་སྡུད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བདུན་བྱིན་ནས། རྨོ་འདེབས་འཕྲུལ་ཆས་དང་བདེ་སྙོམས་འཕྲུལ་ཆས། འདེབས་འཛུགས་འཕྲུལ་ཆས། ལུད་སྣོན་འཕྲུལ་ཆས། ཞིང་ཁ་དོ་དམ་འཕྲུལ་ཆས་སོགས་རིགས་ཆེན་པོ་བཅུ་གསུམ་དང་རིགས་ཆུང་བ་ཞེ་བཞིའི་འཕྲུལ་ཆས་བརྒྱ་དང་ང་ལྔར་ཁ་གསབ་སྟེར་རྒྱུ་ཡིན་པ་དང་། ཁ་གསབ་མ་དངུལ་ཚང་མ་ཐད་ཀར་དུ་ཞིང་ལས་འཕྲུལ་ཆས་ཉོས་པའི་ཁྱིམ་ཚང་ལ་བྱིན་ནས། རོང་འབྲོག་པའི་ཤེས་རྟོགས་དབང་ཆ་དང་འཕྲུལ་ཆས་གདམ་གསེས་དབང་ཆར་འགན་སྲུང་བྱས་ཏེ། འཕྲུལ་ཆས་ཉོ་བའི་འགྲོ་ལུགས་སྔར་ལས་སྟབས་བདེ་དང་ཇེ་མགྱོགས་སུ་བཏང་།

    མཚོ་སྔོན་ཞིང་ཆེན་ཞིང་ལས་འཕྲུལ་ཆས་ཉོ་སྡུད་ཁ་གསབ་དོ་དམ་བྱ་བ་གཟབ་ནན་གྱིས་སྒྲུབ་སྟེ། ཞིང་ལས་འཕྲུལ་ཆས་ཉོ་སྡུད་ཁ་གསབ་མ་དངུལ་ལ་དོ་དམ་བཟང་བོ་དང་དེ་བཀོལ་སྤྱོད་བཟང་བོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཆེན་ཞིང་ཕྱུགས་སྡེ་ཁག་དང་མཉམ་དུ་ད་ལོའི་ཞིང་ལས་འཕྲུལ་ཆས་ཉོ་སྡུད་ཁ་གསབ་མ་དངུལ་སྟེར་ཐབས་ལེགས་བཅོས་བྱས་ཏེ། རིན་ཆད་ནས་འཕྲུལ་ཆས་ཉོ་བ་དང་ཞིང་ཆེན་རིམ་པས་རྩིས་རྒྱག་པ། ཁ་གསབ་མ་དངུལ་ཚོང་བར་སྟེར་བའི་བྱེད་ཐབས་དེ། རིན་མ་ཆད་པར་འཕྲུལ་ཆས་ཉོ་བ་དང་རྫོང་རིམ་པས་རྩིས་རྒྱག་པ། མ་དངུལ་ཐད་ཀར་དུ་བྱང་བུའི་སྟེང་འཇོག་པའི་བྱེད་ཐབས་སུ་བསྒྱུར་བ་སྟེ། རོང་འབྲོག་པས་རིན་ཡོད་ཚད་བྱིན་ནས་འཕྲུལ་ཆས་ཉོས་པ་མ་ཟད་འབྲེལ་ཡོད་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས། ནོར་སྲིད་སྡེ་ཁག་གིས་ཁ་གསབ་མ་དངུལ་ཐད་ཀར་དུ་རོང་འབྲོག་པའི་དངུལ་གསོག་བྱང་བུའི་སྟེང་འཇོག་རྒྱུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག