མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་གལ་ཆེན26རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གལ་ཆེན་གྱི་གྲས་སུ་བཞག་པ།

རྩོམ་པ་པོ། ལོ་ཙཱ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-19 10:34

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས15ཉིན་མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱད་ཞིབ་བྱས་ནས་གཏན་ལ་ཕབ་པའི་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གལ་ཆེན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་གནས་སྤར་མི་ཆོག་པའི་རིག་དངོས་གལ་ཆེན26རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་ཡུལ་དུ་བཞག་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གལ་ཆེན་ཞེ་བཞི་ཡོད།

    མཚམས་སྦྱོར་བྱས་པ་ལྟར་ན། རེབ་འདིར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་སྐབས་བདུན་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གལ་ཆེན་གྱི་གྲས་སུ་ཚད་པའི་གྲངས་ཀ་དེ་མཚོ་སྔོན་གྱི་ལོ་རྒྱུས་སྟེང་དུ་གྲངས་ཀ་འཕར་ཚད་ཆེས་མང་བའི་ཐེངས་ཤིག་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག