མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སྐབས་དགུ་བའི་ཀྲུང་གོ(ཧྲིན་ཀྲིན)རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམ་སྟོན་དང་ཉོ་ཚོང་ཚོགས་འདུའི་སྟེང་ཐོན་རྫས་འགྲེམ་སྟོན་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:23

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ཉིན་བཞིའི་རིང་གི་སྐབས་དགུ་བའི་ཀྲུང་གོ(ཧྲིན་ཀྲིན)རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམ་སྟོན་དང་ཉོ་ཚོང་ཚོགས་འདུ་ཚེས་བཅུ་བདུན་ཉིན་ཧྲིན་ཀྲིན་འགྲེམ་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས། མཚོ་སྔོན་ཞིང་ཆེན་གྱི་འགྲེམ་སྟོན་བྱེད་ས་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་སྤུས་ལེགས་ཐོན་རྫས་མང་པོ་འགྲེམ་སྟོན་བྱས་པ་མ་ཟད། ཉིན་དང་པོར་རིག་གནས་ཐོན་ལས་ཀྱི་ལས་གཞི་གཉིས་ཀྱི་གྲོས་མཐུན་བཀོད་དེ། མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་དགུར་བསླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན།

    རེབ་འདིའི་འགྲེམ་སྟོན་སྟེང་དུ། གཙོ་བོ་མཚོ་སྔོན་ཧོར་རིགས་ཀྱི་གཙགས་དྲུབ་དང་། བོད་ཀྱི་གཙགས་དྲུབ། ཐང་ཀ་དང་། ད་དུང་དངུལ་དང་ཟངས་ཀྱི་དངོས་རྫས་སོགས་གཟུགས་འདས་རིག་གནས་ཤུལ་བཞག་གི་ཐོན་རྫས་འགྲེམ་སྟོན་བྱས་ཤིང་། དངོས་རྫས་ངོ་མ་དང་། པར་རིས། ཡི་གེ བརྙན་རིས་སོགས་རྣམ་པ་སྣ་ཚོགས་སྤྱད་དེ། མཚོ་སྔོན་གྱི་རིག་གནས་ཁྱད་ཆོས་དང་། རིག་གནས་ཐོན་ལས་ཀྱི་གྲུབ་འབྲས། མ་འོངས་བའི་རིག་གནས་ཐོན་ལས་འཆར་གཞི་གང་ལེགས་སྒོས་མཚོན།

    རེབ་འདིའི་རིག་གནས་ཐོན་ལས་འགྲེམ་སྟོན་ཚོགས་འདུ་ནི་རིག་གནས་པུའུ་དང་། ཚོང་ལས་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། ཀྲུང་གོ་ཉོ་ཚོང་ཡར་སྐུལ་ཚོགས་པ། ཀོང་ཏུང་ཞིང་ཆེན་སྲིད་གཞུང་། ཧྲིན་ཀྲིན་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབས་པ་རེད། བསྡོམས་པས་སྲིད་གཞུང་རྩ་འཛུགས་ཚོགས་པ་དང་ཁེ་ལས། ལས་ཁུངས་བཅས་སྟོང་གཉིས་དང་བརྒྱ་དང་བཅོ་བརྒྱད་འགྲེམ་སྟོན་དུ་ཞུགས་པ་དང་། འགྲེམ་སྟོན་དུ་ཞུགས་མཁན་སྔོན་ལོ་ལས་བརྒྱ་དང་དགུ་བཅུ་ཇེ་མང་དུ་སོང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག