མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་རྟ་བོར་ཞང་ཧ་ལོང་སྡེ་བའི་འབྲོག་པ་རྣམས་སྐྱེ་ཁམས་ཕྱུགས་ལས་ཀྱི་མཉམ་ལས་ཁང་དུ་ཞུགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:22

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོར་ཞང་ཧ་ལོང་སྡེ་བའི་རྒྱ་ཆེའི་འབྲོག་པ་རྣམས་ལ་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་ཕྱུགས་ལས་རྒྱུན་སྲིང་ངང་འཕེལ་རྒྱས་སུ་བཏང་ཚེ་སྐྱེ་ཁམས་ཕྱུགས་ལས་ཐད་ལ་ཕན་འབྲས་ལྡན་པའི་འདུ་ཤེས་ཆགས། ས་དེའི་སྲིད་གཞུང་གི་མཛུབ་སྟོན་དང་རྩ་འཛུགས་འོག འབྲོག་པ་མང་པོས་རིམ་བཞིན་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་དང་གནམ་ལ་བརྟེན་ནས་འཚོ་བ་རོལ་བའི་ཐོན་སྐྱེད་ཀྱི་རྣམ་པ་བསྒྱུར་ཏེ། རང་འདོད་ལྟར་མཉམ་ལས་ཁང་བཙུགས་པ་མ་ཟད། མཉམ་ལས་དཔལ་འབྱོར་རྩ་འཛུགས་རྒྱབ་རྟེན་བྱས་ཏེ་ཕྱུགས་ལས་ཐོན་རྫས་ཇེ་ལེགས་སུ་བཏང་ནས། རྩྭ་ས་དང་ཕྱུགས་ཟོག་གཉིས་དོ་མཉམ་པ་དམིགས་ཡུལ་བྱས་པ་དང་། སྐྱེ་ཁམས་ཕྱུགས་ལས་གཞི་ཁྱོན་ཅན་དུ་ཐོན་སྐྱེད་བྱེད་པ་དང་། གཅིག་བསྡུས་ཅན་གྱི་ཚོང་གཉེར། ཆེད་ལས་ཅན་གྱི་དོ་དམ། ཐོན་ལས་ཅན་གྱི་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བའི་ཐོན་སྐྱེད་བྱེད་སྟངས་འཚོལ་ཞིབ་བྱས།

    ལོ་གཅིག་རིང་ལ་འབད་པ་བྱས་རྗེས། ཉིས་སྟོང་བཅུ་གཉིས་ལོར་ཚོང་གཉེར་དོ་དམ་གྱི་ཉམས་མྱོང་མེད་པ་དང་ཕྱུགས་ཟོག་མང་པོ་ཇེ་ཉུང་དུ་བཏང་བའི་རྒྱབ་ལྗོངས་འོག མཉམ་ལས་ཁང་གིས་ཡོང་སྒོ་སྒོར་མོ་འབུམ་བཞི་བསྐྲུན་པ་མ་ཟད། མ་རྐང་དུ་ཞུགས་ཚད་ལྟར་འོས་མཐུན་གྱི་སྒོ་ནས་བགོ་བཤའ་བརྒྱབ་པ་དང་། ཁྱིམ་ཚང་རེར་ལོ་རེར་ཡོང་སྒོ་དུས་མཉམ་ལས་སྒོར་མོ་སྟོང་གཅིག་དང་བརྒྱ་དང་རེ་དགུ་ཇེ་མང་དུ་སོང་། མི་རེར་ཆ་སྙོམས་ཡོང་སྒོ་སྒོར་མོ་སུམ་བརྒྱ་དང་དྲུག་ཅུ་ཇེ་མང་དུ་སོང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག