མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དོན་དག་གལ་ཆེན་གྱི་སྤྱི་ཚོགས་བརྟན་འཇགས་ཉེན་ཁའི་དཔྱད་འཇོག་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:22

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་དོན་དག་གལ་ཆེན་གྱི་སྤྱི་ཚོགས་བརྟན་འཇགས་ཉེན་ཁའི་དཔྱད་འཇོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཞིབ་བཤེར་ཁང་། ཞིང་ཆེན་བརྟན་འཇགས་སྲུང་སྐྱོབ་བྱ་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་མཉམ་འབྲེལ་གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས། ཚོགས་ཐོག་ནས་གཞི་རྩའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་གཙོ་བོའི་བྱ་བ་འབུར་དུ་ཐོན་པར་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ་བརྟན་འཇགས་དཔྱད་འཇོག་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

    ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་རེ་བ་ལྟར། ཞིང་ཆེན་ཆུ་བེད་ཐིན་དང་ཞིང་ཆེན་རྒྱལ་ཁོངས་ཐུན་ཁོངས་ཐིན་གཉིས་ཀྱིས་རང་འགུལ་གྱིས་རེ་ཞུ་བྱས་ནས་བསྡུས་པ་རེད། ཚོགས་ཐོག་ནས་ཞིང་ཆེན་ཆུ་བེད་ཐིན་དང་ཞིང་ཆེན་རྒྱལ་ཁོངས་ཐུན་ཁོངས་ཐིན་གཉིས་ཀྱི་རྒྱལ་ཁབ་ཀྱི་ས་འོག་གི་ཆུར་ལྟ་ཞིབ་ཚད་ལེན་བྱེད་པའི་བཟོ་སྐྲུན་ལས་གཞིའི་སྤྱི་ཚོགས་བརྟན་འཇགས་ཉེན་ཁའི་དཔྱད་འཇོག་བྱ་བའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ལ་དཔྱད་བསྡུར་བྱས།

    ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་བརྟན་འཇགས་དཔྱད་འཇོག་ལམ་ལུགས་འཛུགས་པ་དང་བརྟན་འཇགས་བྱ་བ་བཟང་བོར་སྒྲུབ་པའི་ཁྲོད་ངོས་འཛིན་ཡང་དག་པ་བྱས་ནས། ནུས་ཡོད་སྒོས་ཉེན་ཁ་དོགས་ཟོན་དང་སྔོན་འགོག་བྱེད་དགོས་པར་མ་ཟད། དོན་དག་དེར་ཧ་ཅང་མཐོང་ཆེན་བྱེད་པ་དང་། བརྟན་འཇགས་དཔྱད་འཇོག་བྱ་བ་རྒྱུན་ལྡན་གྱི་བྱ་བའི་ཁྲོད་བཞག་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག