མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཞི་རིམ་ལ་ཞབས་ཕྱི་སྒྲུབ་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པའི་སྒྲོག་སྦྱོང་སྙན་ཞུ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:22

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་ནས་གཞི་རིམ་ལ་ཞབས་ཕྱི་སྒྲུབ་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པའི་སྒྲོག་སྦྱོང་སྙན་ཞུ་ཚོགས་འདུ་བསྡུས། གཞི་རིམ་དང་བླངས་མཁན་དང་། ཞིབ་འཇུག་སློབ་མའི་སློབ་གསོའི་རོགས་སྐྱོར་ཚོགས་པ། ལས་གནས་སུ་ཡོད་པའི་དང་བླངས་མཁན་བཅས་ཀྱིས་བཙུགས་པའི་སྒྲོག་སྦྱོང་སྙན་ཞུ་ཚོགས་པས་སློབ་གྲྭའི་སློབ་གྲྭ་ཆེན་མོ་བ་རྣམས་ལ་གསོན་ཉམས་ལྡན་པའི་འཁྲབ་བཤད་སྤེལ།

    སློབ་གྲྭ་ཆེན་མོ་བའི་དང་བླངས་མཁན་གྱི་ནུབ་རྒྱུད་ས་ཁུལ་དུ་ཞབས་ཕྱི་སྒྲུབ་པའི་འཆར་འགོད་ལག་བསྟར་བྱས་ནས་ལོ་འཁོར་བཅུ་འགོར་བར་རྟེན་འབྲེལ་ཞུ་བ་དང་། སྔར་ལས་མང་པོའི་ཕུལ་བྱུང་ན་གཞོན་ལག་ལེན་ཁྲོད་ཞུགས་པ་དང་། གཞི་རིམ་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་སོང་སྟེ་སྦྱོང་བརྡར་བྱེད་པར་སྐུལ་མ་གཏོང་བ། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་ནུབ་རྒྱུད་ས་ཁུལ་དང་མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་བའི་ས་ཁུལ་དུ་སོང་སྟེ་བྱས་རྗེས་འཇོག་པར་སྐུལ་སློང་བྱེད་པ། རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རང་ཉིད་ཀྱི་ལང་ཚོ་དང་བློ་གྲོས། སྟོབས་ཤུགས་བཅས་ཕུལ་ནས། དེང་རབས་ཀྱི་ཚན་རིག་དང་རིག་གནས་ཤེས་བྱ་ལྡན་ཞིང་། གཞི་རིམ་གྱི་བྱ་བའི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་ལྡན་པའི་ཕུལ་བྱུང་ན་གཞོན་སྐོར་ཞིག་གསོ་སྦྱོང་བྱས་ཏེ། བྱས་རྗེས་འཇོག་པ་དང་། བརྩེ་སེམས་ལྡན་པ། ཕན་ཚུན་བར་རོགས་རམ་བྱེད་པ། ཡར་ཐོན་བརྩོན་པ་བཅས་ཀྱི་དང་བླངས་པའི་ཞབས་ཞུའི་སྙིང་སྟོབས་འདོན་སྤེལ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་བཟང་ཞིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་ལ་ཞབས་ཕྱི་སྒྲུབ་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པའི་སྒྲོག་སྦྱོང་སྙན་ཞུ་ཚོགས་འདུ་དེ་བསྒྲུབས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག