མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱས་ནས་མང་ཚོགས་ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:22

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོར་སྡེ་བ་རེ་གསུམ་དང་ཁྱིམ་ཚང་སྟོང་བརྒྱད་དང་བཞི་བརྒྱ་དང་དོན་གཉིས་ཀྱི་མི་ཁྲི་གསུམ་ལ་ཞིང་སྡེ་དང་འབྲོག་ཁུལ་གསར་བ་དང་དེ་མིན་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱས་ནས་ཕན་འབྲས་མངོན་གསལ་བླངས།

    ད་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས། ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་ལས་གཞི་སྤེལ། དེའི་ནང་དུ་གུང་ཧོ་རྫོང་གིས་སྡེ་བ་བཅུ་ནས་རྨང་གཞིའི་སྒྲིག་ཆས་དང་སྤྱི་སྤྱོད་ཞབས་ཕྱིའི་སྒྲིག་ཆས། སྡེ་བའི་ཁོར་ཡུག་ཇེ་བཟང་དུ་གཏོང་བ་དང་དེ་མིན་སྡོད་ཁང་འཛུགས་སྐྲུན། ཐོན་སྐྱེད་སྒྲིག་ཆས་འཛུགས་སྐྲུན་སོགས་ལས་གཞི་ཆེན་པོ་བཞི་སྤེལ་བ་དང་། དེའི་ཐད་ལ་མ་དངུལ་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་དྲུག་བཏང་། ད་ལྟ་སྡེ་བ་བཅུའི་རྣམ་པ་ཇེ་བཟང་དུ་གཏོང་བའི་བྱ་བ་སྤེལ་མགོ་བརྩམས། ཁྲི་ཀ་རྫོང་གིས་ད་ལོར་བསྡོམས་པས་སྡེ་བ་བརྒྱད་ལ་ལས་གཞི་ལག་བསྟར་བྱས་པ་དང་། དེར་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དགུ་གཏོང་རྩིས་ཡོད། ཀོས་ནན་རྫོང་གིས་ད་ལོར་བསྡོམས་པས་ལས་གཞི་བཅུ་གཉིས་ལ་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དཔེ་སྟོན་སྡེ་བ་དགུའི་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་དང་རིག་གནས་ཐང་ཆེན་འཛུགས་སྐྲུན་བྱེད་ས་ཚང་མ་དངོས་འབེབས་བྱས། ཐུན་ཏེ་རྫོང་གིས་ལོ་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི་དང་ཟུང་དུ་སྦྲེལ་ནས། རོང་འབྲོག་སྡེའི་དཔེ་སྟོན་སྡེ་བ་ཉེར་བདུན་འཛུགས་སྐྲུན་བྱེད་རྒྱུ་གཏན་ལ་ཕབ། ཞིན་ཧེ་རྫོང་གིས་ད་ལོར་བསྡོམས་པས་རིགས་ཆེན་པོ་བདུན་གྱི་ལས་གཞི་གོ་གསུམ་འཛུགས་སྐྲུན་བྱེད་རྒྱུ་གཏན་ལ་ཕབ་པ་དང་། ལས་གཞི་དེར་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་དྲུག་དང་ས་ཡ་ལྔ་འབུམ་བཞི་ལྷག་བཏང་། ད་ལྟའི་བར་དུ་སྡེ་བ་དྲུག་ནས་ལས་གཞི་ལག་བསྟར་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་པ་མ་ཟད། ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་གྱི་དུས་རིམ་དང་པོའི་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག