མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་མི་རིགས་རིག་གནས་འཐུས་ཚབ་ཚོགས་པ་ཨ་ཀེན་ཐིན་ལ་འཚམས་འདྲི་ཕེབས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-17 10:42


ཨ་ཀེན་ཐིན་གྱི་སྙན་ངག་པས་རྩོམ་པ་པོ་དང་བསམ་བློ་བརྗེ་རེས་མཛད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ5བའི་ཚེས10ཉིན་མཚོ་སྔོན་མི་རིགས་རིག་གནས་འཐུས་ཚབ་ཚོགས་པས་ཨ་ཀེན་ཐིན་གྱི་རྒྱལ་ས་པུའུ་ཡས་ནའོ་སུ་ཨེར་ལོས་སུ་རུ“རབ་མཛེས་མཚོ་སྔོན་ཞེས་པའི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམ་སྟོན”བྱ་འགུལ་སྤེལ། ཐེངས་འདིའི་རིག་གནས་འགྲེམ་སྟོན་ནི་ཨ་ཀེན་ཐིན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཐེངས་མང་པོའི་གདན་ཞུ་བྱས་པ་བརྒྱུད།  ད་ལོ་དངོས་སུ་འགྲེམ་སྤེལ་བྱས་པ་རེད།  ཨ་ཀེན་ཐིན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མཚོ་སྔོན་མི་རིགས་རིག་གནས་འཐུས་ཚབ་ཚོགས་པ་འཚམས་འདྲི་ཕེབས་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱས་པ་དང་།  ཨ་ཀེན་ཐིན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་པ་ཁ་ལའོ་ཡ་ལོས་ཧྲན་ཏྰས་རིག་གནས་འགྲེམ་སྟོན་སྤེལ་འགོ་བརྩམས་པའི་མཛད་སྒོ་སྟེང་ཤེས་ཚིག་ཕུལ་དུས་བཤད་རྒྱུར། རྒྱལ་ཁབ་གཉིས་བར་རྒྱང་ཐག་ཧ་ཅང་རིང་ན་ཡང་།  རིག་གནས་ནི་ང་ཚོའི་བསམ་བློ་བརྗེ་རེས་དང་འབྲེལ་འདྲེས་བྱེད་པའི་གསེར་ཟམ་ལྟ་བུ་ཡིན་ལ།  ཁྱོད་ཚོ་མཚོ་སྔོན་གྱི་དབྱར་འགོ་ཚིགས་པའི་དུས་ལས་ཨ་ཀེན་ཐིན་གྱི་སྟོན་དུས་ལ་ཐོན་པ་དང་།  ཚུལ་འདི་ནི་འབྲས་བུ་ལེགས་པོ་འབྱུང་བའི་སྔོན་ལྟོས་རེད་ཟེར།  ཐེངས་འདིའི་རིག་གནས་འགྲེམ་སྟོན་ལས་ཕུན་སུམ་ཚོགས་པའི་རིག་གནས་ཐོན་རྫས་སོགས་འགྲེམ་སྤེལ་བྱས་པས་ཨ་ཀེན་ཐིན་གྱི་མང་ཚོགས་ཁྲོད་དུ་བག་ཆགས་ཟབ་མོ་བཞག་པ་དང་།  ཡུལ་དངོས་སུ་ལྟད་མོ་བ་ཚོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྒྱུ་རྩལ་ཏེ་ཐང་ག་དང་མི་རིགས་སྒྱུ་རྩལ་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ།

ཐེངས་འདིའི་རིག་གནས་འགྲེམ་སྟོན་ལ་ཨ་ཀེན་ཐིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱབ་སྐྱོར་ཆེན་པོ་གནང་ཞིང་།  ཨ་ཀེན་ཐིན་ཏུ་རིག་གནས་འགྲེམ་སྟོན་སྤེལ་སྐབས།  འཐུས་ཚབ་ཚོགས་པས་ད་དུང་ཨ་ཀེན་ཐིན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལའོ་པུ་ཐའེ་ཨ་ལོས་ཧྥ་དང་མཉམ་དུ2013ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་སུ་ཨ་ཀེན་ཐིན་གྱི་སྙན་ངག་པ་གདན་ཞུ་དང་རིག་གནས་བརྗེ་རེས་སོགས་བྱ་བའི་ཐད་བགྲོ་གླེང་མཛད།  །  

གཟི་ལྡན་དཔང་ཡིག་གནང་བཞིན་པ།
རིག་གནས་འགྲེམ་སྟོན་སྤེབ་བའི་ཡུལ་དངོས་རྣམ་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག