མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་ཀུའུ་ཁྲིན་རྒན་བཀུར་ཁང་ནས་ཁ་ཡིག་ལ“ཨ་མར་དྲིན་ལན་འཇལ་བ”ཞེས་པའི་ནད་ལ་བརྟག་པའི་ཞབས་ཕྱིའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ལོ་ཙཱ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-05-12 10:47

    ཀྲུང་གོ་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཟི་ལིང་གྲོང་ཁྱེར་ཀུའུ་ཁྲིན་རྒན་བཀུར་ཁང་ནས་ཁ་ཡིག་ལ“ཨ་མར་དྲིན་ལན་འཇལ་བ”ཞེས་པའི་ནད་ལ་བརྟག་པའི་ཞབས་ཕྱིའི་བྱ་འགུལ་སྤེལ།

    སྨན་བཅོས་མི་སྣས་ཟི་ལིང་གྲོང་ཁྱེར་ཀུའུ་ཁྲིན་རྒན་བཀུར་ཁང་གི་ལོ་ལོན་རྣམས་ལ་འཚོ་བའི་མཁོ་རྫས་སྟེར་བཞིན་པ།

    ཨ་ནེ་རྒན་མོ་ཡི་ལག་ནས་འཇུས་ནས་ལུས་ཕུང་བདེ་ཐང་ཡིན་མིན་ལ་ཞིབ་འདྲི་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མ་ཡུན་དུས་ཆེན་གྱི་སྔོན་ཏག་ཏག་ལ། “སྲོལ་རྒྱུན་གྱི་རིག་གནས”དར་རྒྱས་སུ་གཏོང་བ་དང་། “ཨ་མར་བརྩི་བཀུར”བྱེད་པའི་སྲོལ་བཟང་དར་སྤེལ་བྱེད་ཆེད། ཚེས་བཅུའི་ཉིན་ཀྲུང་གོ་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་ཀུའུ་ཁྲིན་རྒན་བཀུར་ཁང་ནས་ཁ་ཡིག་ལ“ཨ་མར་དྲིན་ལན་འཇལ་བ”ཞེས་པའི་ནད་བརྟག་ཞབས་ཕྱིའི་བྱ་འགུལ་སྤེལ།

བྱ་འགུལ་སྤེལ་སྐབས། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ཟུར་གཏོགས་གསོ་རིག་སློབ་གླིང་གི་ཞིང་བཟོ་ཏང་གི་སྨན་བཅོས་ཆེད་མཁས་པ་དང་སློབ་མ་རྣམས་ཀྱིས་ལོ་ལོན་རྣམས་ལ་རིན་མ་བླངས་པར་བདེ་ཐང་ཕྱོགས་ཀྱི་བློ་འདྲི་དང་། འོས་འགན་གྱིས་ནད་ལ་བརྟག་ནས། ཨ་མར་དྲིན་ལན་འཇལ་བའི་བསམ་པ་མཚོན་པར་བྱས་པ་མ་ཟད། ཡུལ་དངོས་ནས་ད་རུང་ཟི་ལིང་གྲོང་ཁྱེར་ཀུའུ་ཁྲིན་རྒན་བཀུར་ཁང་གི་ལོ་ལོན་རྣམས་ལ་འཚོ་བའི་མཁོ་རྫས་བྱིན།   །

副题图片

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག