མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱི་ཚོགས་ལས་རིགས་སོ་སོས་ཡུལ་ཤུལ་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བའི་མ་དངུལ་བསྡོམས་པས་སྒོར་མོ་ཐེར་འབུམ9.965འབྱོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས10ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་གནས་ཚུལ་ཡར་ཞུ་བྱེད་པའི་ཚོགས་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་ལ་ས་འགུལ་བྱུང་བའི་ཚུན་དུ། སྤྱི་ཚོགས་ལས་རིགས་སོ་སོས་འཕྲོ་རིམ་འཕྲོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ། ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་ལ་བསྡོམས་པས་ཞལ་འདེབས་ཕུལ་བའི་མ་དངུལ་སྒོར་མོ་ཐེར་འབུམ9དང་དུང་ཕྱུར9བྱེ་བ6ས་ཡ5འབྱོར།

སྤྱི་ཚོགས་ལས་རིགས་སོ་སོས་ཕུལ་བའི་ཞལ་འདེབས་མ་དངུལ་ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཐད་བཀོལ་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་པ་དང་། ཞིང་ཆེན་ནོར་སྲིད་ཐིན་དང་། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། ཞིང་ཆེན་སྙིང་རྗེ་སྤྱིའི་ཚོགས་པ་སོགས་མ་དངུལ་དོ་དམ་ལས་ཁུངས་ཀྱིས་ཐེངས་མང་པོར་ཆེད་དོན་གྲོས་ཚོགས་བསྡུས་ནས། ཐེངས་མང་པོར་མཐུན་སྦྱོར་དང་གྲོས་བསྡུར་བྱས་ནས། ཞལ་འདེབས་ཕུལ་མཁན་གྱི་འདོད་བློ་བརྩི་སྲུང་བྱས་པའི་རྨང་གཞིའི་སྟེང་། སྤྱི་ཚོགས་མ་དངུལ་དེ་དག་ཞིབ་ཆའི་སྒོ་ནས་འབྲེལ་ཡོད་བསྐྱར་འཛུགས་ལས་གཞིའི་ཐད་ལ་བཀོལ་བ་དང་། གཙོ་བོ་མཁར་གྲོང་སྡོད་ཁང་དང་སློབ་གྲྭ། སྨན་ཁང་། སྤྱི་ཚོགས་ཕན་བདེ་སོགས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བསྐྱར་འཛུགས་ལས་གཞིའི་ཐད་དུ་བཀོལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག