མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་བཞུགས་མོལ་ཚོགས་འདུ་བསྡུས་ནས་སྐོར་ཐེངས་གསར་བའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱ་བ་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས10ཡིཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གིས་ཟི་ལིང་ནས་སྐོར་ཐེངས་གསར་བའི་ཏང་སྲིད་དམག་གསུམ་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་གནས་གཏན་འཁེལ་བྱེད་པའི་དབུལ་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཚོགས་ཐོག་ནས2010ལོ་ནས2012ལོའི་བར་གྱི་ཞིང་ཆེན་ཐད་གཏོགས་ཏང་སྲིད་དམག་གསུམ་ཁེ་ལས་ལས་དོན་སྡེ་ཁག་གིས་གནས་གཏན་འཁེལ་བྱེད་པའི་དབུལ་སྐྱོར་བྱ་བ་བསྒྲུབས་པའི་གནས་ཚུལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། སྐོར་ཐེངས་གསར་བའི་གནས་གཏན་འཁེལ་བྱེད་པའི་དབུལ་སྐྱོར་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་གིས་གནས་གཏན་འཁེལ་བྱེད་པའི་དབུལ་སྐྱོར་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་སྐོར་ཐེངས་སྔོན་མའི་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་དམག་གསུམ་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་གནས་གཏན་འཁེལ་བྱེད་པའི་བྱ་བའི་ཁྲོད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐོར་ཐེངས་གསར་བའི་དབུལ་སྐྱོར་གནས་བབ་འོག ཁྲིམས་ལྟར་དབུལ་སྐྱོར་བྱེད་པ་དང་དུས་ཡུན་རིང་བོར་དབུལ་སྐྱོར་བྱེད་པ། དོན་དངོས་ཀྱི་སྒོ་ནས་དབུལ་སྐྱོར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི2011ལོ་ནས2020ལོའི་བར་གྱི་ཀྲུང་གོའི་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་རྩ་གནད་ལག་བསྟར་བསམ་འཆར་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་དབུལ་སྐྱོར་གསར་སྤེལ་འཆར་འགོད་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་རེ་བ་ལྟར། དབུལ་སྐྱོར་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། གཞི་རིམ་དང་རྨང་གཞི། གཞི་རྩ་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་ནས། མང་ཚོགས་ལ་ཡུན་རིང་བོར་ཁེ་ཕན་ཐོབ་ཏུ་འཇུག་དགོས་ཤིང་། འབྲེལ་ཡོད་ལས་ཁུངས་སོ་སོས་སྐོར་ཐེངས་གསར་བའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱ་བའི་འབྲེལ་མཐུད་བྱ་བ་བཟང་བོར་སྒྲུབ་པ་དང་། གཞི་རིམ་ལ་སོང་སྟེ། མང་ཚོགས་ཀྱི་དགོས་མཁོར་རྒྱུས་ལོན་བྱས་ནས། དམིགས་སའི་རང་བཞིན་དང་འཆར་གཞི་ཡོད་པའི་སྒོ་ནས་དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

ཚོགས་ཐོག་ནས2010ལོ་ནས2012ལོའི་བར་གྱི་ཞིང་ཆེན་ཏང་སྲིད་དམག་གསུམ་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག་གི་གནས་གཏན་འཁེལ་དབུལ་སྐྱོར་བྱ་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན། སུང་ཅན་གོ་སོགས་གནས་གཏན་འཁེལ་དབུལ་སྐྱོར་བྱ་བའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་གྱི་འཐུས་མིས་སོ་སོར་ཚོགས་ཆེན་སྟེང་བརྗེ་རེས་གཏམ་བཤད་སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག