མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་བློ་མཐུན་ཧན་ཧོས་དབྱིན་དང་ཚེ་རིང་བཟང་པོ་གཉིས་ལ་སློབ་སྦྱོང་བྱེད་པའི་སྐོར་གྱི་ཆོད་དོན་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཉེ་སྔོན་བློ་མཐུན་ཧན་ཧོས་དབྱིན་དང་། ཚེ་རིང་བཟང་པོ་གཉིས་ལ་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་ཆོད་དོན་སྤེལ།

མཚོ་སྔོན་ཞིང་ཆེན་ཏང་ཨུས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཧན་ཧོས་དབྱིན་དང་། ཚེ་རིང་བཟང་པོ་གཉིས་མིག་དཔེར་བཟུང་ནས། དམིགས་འབེན་གྱི་འདུ་ཤེས་སེམས་ལ་དམ་པོར་འཛིན་དགོས་པ་དང་། ལས་གནས་ལ་རྐང་འཛུགས་པ། ཕྱོགས་ཡོངས་ལ་དམིགས་པ་དང་།འགན་འཁྲི་དང་དུ་བླངས་ནས། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་དང་། རྒྱུན་ཆད་མེད་པར་མི་རིགས་སོ་སོར་མཐུན་སྒྲིལ་དམ་པོ་བྱས་ནས། མཉམ་དུ་དར་རྒྱས་སུ་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ལས་ཁུངས་ཀྱིས་བློ་མཐུན་ཧན་ཧོས་དབྱིན་དང་། ཚེ་རིང་བཟང་པོ་གཉིས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་ཟུང་དུ་སྦྲེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སྔོན་སྐྱོད་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་འགུལ་དང་ཟུང་དུ་སྦྲེལ་ཞིང་། བོད་ཁུལ་གྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བསམ་བློའི་སློབ་གསོ་སྣེ་ཁྲིད་བྱ་བ་དང་ཟུང་དུ་སྦྲེལ་ནས། གསར་སྐྲུན་རང་བཞིན་གྱི་སྒོ་ནས་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ། སྔོན་ཐོན་མིག་དཔེའི་སྙིང་སྟོབས་དར་སྤེལ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པ། “ས་ཁུལ་གསུམ”གྱི་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག