མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མུའུ་ཏུང་ཧྲིན་གྱིས་མཚོ་ཤར་ས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་གཞི་རིམ་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་མཚོ་ཤར་ས་ཁུལ་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། མུའུ་ཏུང་ཧྲིན་གྱིས་བཤད་རྒྱུར། གཞི་རིམ་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་བསྣོན་པ་དེ་གཞི་རིམ་གྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུ་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ངེས་པར་དུ་བསམ་བློའི་འཛུགས་སྐྲུན་དང་ལམ་ལུགས་འཛུགས་སྐྲུན། དཔུང་སྡེའི་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ཏེ། ཁྱོན་ཡོངས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཇེ་ཆེར་གཏོང་བ་དང་། ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པ་དང་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་བར་གྱི་འབྲེལ་བ་དང་། ལྟ་སྐུལ་དང་རྒྱབ་སྐྱོར་བར་གྱི་འབྲེལ་བ། དམངས་འཐུས་ཚོགས་ཆེན་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ། ཁྲིམས་ལྟར་དོན་དག་སྒྲུབ་པ་དང་གསར་གཏོད་གསར་བསྐྲུན་བྱེད་པའི་བར་གྱི་འབྲེལ་བ་བཅས་ཡང་དག་པའི་སྒོ་ནས་ཐག་གཅོད་བཟང་བོ་བྱས་ཏེ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྔར་ལས་རྒྱ་ཆེ་ཞིང་སྔར་ལས་འཐུས་ཚང་ཡིན་པའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་དགོས་ཟེར།

ཧུའུ་ཀྲུའུ་རྫོང་དམར་གཙང་ཁོག་ཞང་ནས་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་སྒྲུབ་མཁན་ཁ་ཤས་དང་བཞུགས་མོལ་བྱེད་སྐབས། མུའུ་ཏུང་ཧྲིན་གྱིས་བཤད་རྒྱུར། ཞང་གྲོང་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ལ། མི་འདང་སའང་ཡོད་པས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་ཞང་གྲོང་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་སྲོལ་ཡིག་གཏན་འཁེལ་བྱས་ཏེ། ལམ་ལུགས་ཀྱི་ཕྱོགས་ནས་ཞང་གྲོང་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣོན་དགོས་ཤིང་། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་མཛུབ་སྟོན་ལ་ཤུགས་བསྣན་ཏེ། དཀའ་ཁག་སྣ་ཚོགས་ཐག་གཅོད་རོགས་བྱེད་དགོས་ཟེར།

མུའུ་ཏུང་ཧྲིན་གྱིས་ད་རུང་མཚོ་ཤར་དམངས་འཐུས་ཚོགས་ཆེན་འཛུགས་རྒྱུའི་གྲ་སྒྲིག་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་། ཧུའུ་ཀྲུའུ་རྫོང་ལའོ་ཡིད་སྡེ་བའི་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག