མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་གི་གནས་སྐོར་ཡུལ་ལྗོངས་ཁུལ་སོ་སོ་རུ་མྱུར་སྐྱོབ་ས་ཚིགས་བཙུགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-10 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་གནས་སྐོར་བར་གནས་སྐོར་ལྗོངས་རྒྱུ་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པ་དང་། སྨན་བཅོས་བདེ་འཇགས་ཕྱོགས་ལ་འགན་སྲུང་བྱེད་ཆེད།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་ཅུའུ་ཡིས་གཅིག་གྱུར་བཀོད་སྒྲིག་བྱས་འོག  ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་དང་པོ་དང་སྨན་ཁང་གཉིས་པ།  ཟི་ལིང་ཀྲུང་ལུགས་སྨན་ཁང་།  མཁར་ནུབ་ཁུལ་མི་དམངས་སྨན་ཁང་།  མཁར་ཤར་ཁུལ་མི་དམངས་སྨན་ཁང་བཅས་སྨན་ཁང་ལྔ་ཡིས་མི་དམངས་སྤྱི་གླིང་དང་།  ནན་ཧྲན་སྤྱི་གླིང་།  རིག་གནས་སྤྱི་གླིང་།  ཞི་ཧྲན་སྐྱེ་དངོས་ར་བ།  ཟི་ལིང་རི་སྐྱེས་སྲོག་ཆགས་སྤྱི་གླིང་སོགས་གནས་སྐོར་ཡུལ་ལྗོངས་ཁུལ་གཙོ་བོ་རུ་སྨན་བཅོས་མྱུར་སྐྱོབ་ས་ཚིགས་བཙུགས་ཏེ།  གནས་སྐོར་བས་གནས་སྐོར་ལྗོངས་རྒྱུ་བྱེད་པར་སྨན་བཅོས་ཕྱོགས་ནས་ཞབས་ཞུ་འདོན་སྤྲོད་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག