མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མིན་ཡོན་རྫོང་གིས་རྨོ་བསྐྱུར་ནགས་སྐྱོང་གི་ཁ་གསབ་མ་དངུལ་སྒོར་ཁྲི7793འགྲེམ་གཏོང་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-09 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་གི་ལོ་མཇུག་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧེ་རིགས་རང་སྐྱོང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན་ཁུལ་བཅས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། རྫོང་ཡོངས་ཀྱི་རྨོ་བསྐྱུར་ནགས་སྐྱོང་གི་རོང་འབྲོག་ཁྱིམ་ལ་ཁ་གསབ་མ་དངུལ་སྒོར་ཁྲི7793འགྲེམ་གཏོང་བྱས་ཏེ། མུ་མཐུད་དུ་རྨོ་བསྐྱུར་ནགས་སྐྱོང་གི་གྲུབ་འབྲས་བརྟན་བརླིང་དུ་བཏང་།

2000ལོ་ནས་བཟུང་རྨོ་བསྐྱུར་ནགས་སྐྱོང་གི་བཟོ་འགོད་ལག་བསྟར་བྱེད་འགོ་བརྩམས་པའི་ཚུན། མིན་ཡོན་རྫོང་གིས་རྨོ་བསྐྱུར་ནགས་སྐྱོང་ས་ཁུལ་དང་དཀའ་ངལ་རྨོ་བསྐྱུར་ཞིང་ཁྱིམ་ལ་བརྟག་བཤེར་བྱས་པའི་བྱ་བའི་ཚད་གཞི་ལ་གཞིགས་ཏེ། རྫོང་ཡོངས་ཀྱི་དཀའ་ངལ་རྨོ་བསྐྱུར་རོང་འབྲོག་པ་ཁྱིམ་ཚང6371གཏན་འཁེལ་བྱས། རྨོ་བསྐྱུར་ནགས་སྐྱོང་དང་རྩྭ་སྐྱོང་བྱེད་པའི་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་དཀའ་ངལ་གནད་དོན་ཐག་གཅོད་ཆེད། མིན་ཡོན་རྫོང་གིས་དངོས་ཡོད་ལ་རྐང་བཙུགས་ཏེ། འབྲུ་རིགས་ཁ་གསབ་མ་དངུལ་སྟེར་བར་དུས་རིམ་གཉིས་སུ་བགོས་ཏེ་ལག་བསྟར་བྱས། དུས་མཚུངས་སུ་རྫོང་ཡོངས་ཀྱི་རྨོ་བསྐྱུར་ནགས་སྐྱོང་ས་ཁུལ་མུའུ་ཁྲི4.5སྐྱེ་ཁམས་སྤྱི་ཕན་ནགས་ཚལ་ཁ་གསབ་ཀྱི་དོ་དམ་ཁྱབ་ཁོངས་ནང་བཞག་སྟེ། སྲིད་ཇུས་ལྟར་ཁ་གསབ་ཚད་གཞི་ལག་བསྟར་བྱས་པ་དང་། རྨོ་བསྐྱུར་ནགས་སྐྱོང་གི་མུའུ་རེར་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་གྱི་མ་དངུལ་སྒོར9.75ཁ་གསབ་བྱས་ཤིང་། བསྡོམས་པས་ཁ་གསབ་མ་དངུལ་སྒོར་ཁྲི131.625ཁ་གསབ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག