མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་ཁུལ་གྱིས་ད་ལོར་འགན་སྲུང་རང་བཞིན་གྱི་བདེ་སྡོད་ཁང་བ་ཁྲི9427འཛུགས་སྐྲུན་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-09 10:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འཛུགས་སྐྲུན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་མཚོ་ནུབ་ཁུལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང9427གསར་འཛུགས་བྱེད་རྒྱུ་རེད།

དེའི་ནང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལས་འགན་ནི་སྡོད་ཁང4227ཡིན་པ་དང་། རོང་འབྲོག་ཁུལ་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང5200གསར་འཛུགས་བྱེད་རྒྱུ་རེད། མིག་སྔའི་བར་དུ། མཚོ་ནུབ་ཁུལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལས་འགན་དེ་ས་ཁུལ་སོ་སོར་བགོ་སྤྲོད་བྱས་ཤིང་། དེའི་ནང་རྒྱལ་དབང་བཟོ་གཏེར་ཁུལ་གྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་སྡོད་ཁང500ལས་འགོ་བརྩམས་ཡོད་ལ། གཞན་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལས་གཞི་དག་ད་ལོའི་སྤྱི་ཟླ4བའི་ཟླ་མཇུག་སྔོན་ལ་ཚང་མ་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག