མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་ས་ཁུལ་གྱིས་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རོགས་སྐྱོར་བྱེད་པའི་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 11:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཁྲི་དཔོན་གྲོང་བརྡལ་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རོགས་སྐྱོར་བྱེད་པའི་བྱ་བ་ཕལ་ཆེལ་ཡོངས་འགྲུབ་བྱས། ད་ལྟའི་བར་དུ་རོགས་སྐྱོར་བྱས་པའི་གཞུང་འཛུགས་ལས་གཞི་སོ་དྲུག་ནང་གི་ལས་གཞི་སོ་གསུམ་ཡོངས་འགྲུབ་བྱས་པ་དང་ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་གོ་གཅིག་ཏུ་བསླེབས། དེའི་ནང་དུ་འབྲི་སྟོད་རྫོང་གི་མི་རིགས་སློབ་འབྲིང་དང་མི་དམངས་སྨན་ཁང་སོགས་ལས་གཞི་བཅུ་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱེད་བཞིན་པ་དང་། ལས་གཞི་དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་བརྒྱད་དང་བྱེ་བ་བརྒྱད་ས་ཡ་བདུན་བཏང་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ལ་ཕབ་པའི་ལོ་གསུམ་རིང་གི་བསྐྱར་འཛུགས་ལས་འགན་དེ་ལོ་གཉིས་ཀྱི་རིང་ལ་ཕལ་ཆེར་ཡོངས་འགྲུབ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། རོགས་སྐྱོར་བྱ་བ་ཕྱོགས་ཡོངས་ནས་བདེ་བླག་ངང་སྤེལ་ནས་རྒྱལ་ཁ་ལེན་པར་རྨང་གཞི་བཏིངས།

ན་ནིང་གི་ཟླ་དྲུག་པའི་ཟླ་མཇུག་བར་དུ། མཚོ་ཤར་ས་ཁུལ་གྱིས་རོགས་སྐྱོར་བྱས་པའི་འབྲི་སྟོད་རྫོང་ཁྲི་དཔོན་གྲོང་བརྡལ་གྱི་མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་ཉམས་གསོ་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ནས་མཁར་གྲོང་སྡོད་དམངས་ཁྱིམ་གཞི་གསར་བའི་ནང་དུ་སྤར་ཚད་བརྒྱ་ཆའི་གོ་ལྔར་བསླེབས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག