མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བོད་ལྕགས་ལམ་ཀུང་ཟིས་ཟི་ལིང་ནས་ལྷ་སའི་བར་གྱི་གཏོང་ཐེངསK9811གནས་སྐོར་པའི་མེ་འཁོར་གཏོང་མགོ་བརྩམས་པ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་ཚུགས་པ་དང་བསྟུན་ནས། མེ་འཁོར་ལ་བསྡད་དེ་མཚོ་བོད་མཐོ་སྒང་གི་ལྟ་ན་སྡུག་པའི་རང་བྱུང་བཀོད་པ་ཉམས་སུ་མྱོང་བའི་གནས་སྐོར་པ་ཉིན་བཞིན་ཇེ་མང་ཡིན་པར་དམིགས་ཏེ། མཚོ་བོད་ལྕགས་ལམ་ཀུང་ཟིས་ཟླ་ལྔ་བའི་ཚེས་དྲུག་ཉིན་ནས་བཟུང་ཟི་ལིང་ནས་ལྷ་སའི་བར་གྱི་གཏོང་ཐེངསK9811གནས་སྐོར་པའི་མེ་འཁོར་གཏོང་མགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་གཏོང་མགོ་ཚུགས་པའི་གཏོང་ཐེངསK9811གནས་སྐོར་བའི་མེ་འཁོར་དེ་དུས་ཚོད་ཉེར་གཉིས་སྟེང་ཟི་ལིང་མེ་འཁོར་ས་ཚིགས་ནུབ་མ་ནས་ལམ་ལ་ཆས་ཏེ། ཕྱི་ཉིན་དུས་ཚོད་བདུན་དང་སྐར་མ་སོ་གཉིས་སྟེང་ན་གོར་མོ་མེ་འཁོར་ས་ཚིགས་ལ་ཐོན་རྒྱུ་དང་། དུས་ཚོད་ཉེར་གཅིག་དང་སྐར་མ་བཞི་བཅུའི་སྟེང་ལྷ་སའི་མེ་འཁོར་ས་ཚིགས་ལ་ཐོན་ཐུབ། ལམ་བར་དུ་འབྲི་ཆུའི་མགོ་ཁུངས་ཀྱི་ཐོག་ཐོག་ཆུ་བོ་དང་། གཙང་གསུམ་འབྱུང་ཡུལ། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ། བོད་ལྗོངས་ཀྱི་ལྷ་མཚོ་གསུམ་གྱི་གྲས་སུ་གཏོགས་པའི་གནམ་མཚོ་བཅས་བརྒྱུད་པ་ཡིན་པས། མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་མཛེས་ལྗོངས་ལ་རོལ་བའི་མེ་འཁོར་ལེགས་ཤོས་ཡིན་ཟེར།

ད་ལྟ། མཚོ་བོད་ལྕགས་ལམ་ཀུང་ཟིའི་མེ་འཁོར་ས་ཚིགས་དང་སྤ་སེ་ཚབ་འཚོང་བྱེད་ས་ཁག་ཏུ་མེ་འཁོར་གཏོང་ཐེངས་དེའི་སྤ་སེ་བཙོང་གིན་ཡོད་པས། གནས་སྐོར་པས་ཐག་ཉེ་ས་ནས་མེ་འཁོར་གྱི་སྤ་སེ་ཉོས་ཆོག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག