མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱིས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་བཅོས་སྒྱུར་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་པད་མ་རྫོང་གི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་གྲུབ་འབྲས་སྲ་བརྟན་དང་འཐུས་ཚང་། ཇེ་མཐོར་གཏོང་བ་བཅས་ཀྱི་རྨང་གཞིའི་སྟེང«མགོ་ལོག་ཁུལ་གྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བཅོས་སྒྱུར་ལག་བསྟར་གྲོས་གཞི»གཏན་འཁེལ་བྱས་ནས། མགོ་ལོག་ཁུལ་ཡོངས་ཀྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གཞན་པ་བརྒྱད་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་བྱ་བ་སྤེལ།

«གྲོས་གཞི»དེའི་ནང་དུ་སྨན་བཅོས་ཀྱི་སྤུས་ཚད་དང་སྨན་བཅོས་ཀྱི་བདེ་འཇགས། སྨན་བཅོས་ཀྱི་སྤྱོད་ཚུལ། སྨན་རྫས་ལུགས་མཐུན་སྒོས་བཀོལ་སྤྱོད་བྱེད་པ། སྨན་རིན་ཚོད་འཛིན་བྱེད་པ་སོགས་ཕྱོགས་ཀྱི་ལྟ་རྟོག་དོ་དམ་ནུས་པ་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན་ཡོད་པར་མ་ཟད། གྲུབ་འབྲས་ཁྱབ་སྒྲོག་དང་ཁྲིམས་འགལ་གནད་དོན་རྩད་གཅོད་པའི་ལམ་ལུགས་གཏན་འཁེལ་བྱས་ཡོད། དེ་དང་མཉམ་དུ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མང་ཚོགས་ཡིད་ཚིམ་ཚད་ལ་གདེང་འཇོག་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ནས་སྤྱི་ཚོགས་ཀྱི་ལྟ་རྟོག་ནུས་པ་ཇེ་ཆེར་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག