མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་བུན་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་གཉིས་བཏང་སྟེ་ཞིང་གསུམ་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ལས་བྱེད་མི་སྣ་རྒྱུན་དུ་ཞིང་ལས་སྐོར་གྱི་ཁེ་ལས་དང་ཞིང་ཁར་སོང་སྟེ། ཁེ་ལས་དང་ཞིང་བ་ཁྱིམ་ཚང་གི་དངུལ་བུན་དགོས་མཁོའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཞིང་གསུམ་ཐད་ཀྱི་དངུལ་བུན་འགན་ལེན་བྱེད་པའི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱེད་ཆེད། འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རང་རྟོགས་སྒོས་འགན་ལེན་ཀུང་ཟི་དང་འགན་ལེན་བྱེད་སྒོའི་མཉམ་ལས་སྤེལ་བ་དང་། ཞིང་གསུམ་ལ་འཕྲོད་པའི་དངུལ་བུན་འགན་ལེན་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། ཚྭ་འདམ་གཤོང་སའི་འཕང་འབྲས་ཐོན་སྐྱེད་དང་། ཟི་ལིང་གྲོང་ཁྱེར་གྱི་སྔོ་ཚོད་བསྡུ་འགྲེམ་ལྟེ་གནས་སོགས་ལྟ་སྐོར་དང་འདེབས་འཛུགས གསོ་སྤེལ་བཅས་གཞི་གཅིག་ཅན་གྱི་ཞིང་ལས་ཐོན་སྐྱེད་རྟེན་གཞི་དང་། དགུན་ཁར་དྲོད་ཁང་དུ་སྔོ་ཚོད་འདེབས་པ། ཞིང་བའི་ཁྱིམ་ཚང་གིས་ལས་བསྐྲུན་ལས་སྤེལ་བྱེད་པ་སོགས་ཀྱི་ལས་གཞི་གཙོ་བོར་བཟུང་སྟེ་རོགས་སྐྱོར་བྱས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཆེད། ཡུས་ཧྲུའུ་དང་ཏུའུ་ལན། སྟོད་པ། དཔའ་ལུང་བཅས་ས་ཁུལ་ནས་འཛུགས་སྐྲུན་ཡན་ལག་དངུལ་ཁང་བཙུགས་ཏེ། འཛུགས་སྐྲུན་དངུལ་ཁང་དྲ་རྒྱ་ས་ཁུལ་སོ་སོར་ཁྱབ་པར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག