མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་མཐོ་རིམ་སློབ་གྲྭའི་དགེ་སློབ་རྣམས་དང་ན་གཞོན་འཐུས་མི་དང་མཉམ་དུ་ལྔ་བཞིའི་ལས་འགུལ་གྱི་ན་གཞོན་དུས་ཆེན་ལ་རོལ་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-05 11:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་ཚེས་བཞིའི་ཉིན་གྱི་སྔ་དྲོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་སོང་ནས། མཐོ་རིམ་སློབ་གྲྭའི་དགེ་སློབ་རྣམས་དང་། ན་གཞོན་འཐུས་མི་བཅས་དང་མཉམ་དུ་ལྔ་བཞིའི་ལས་འགུལ་གྱི་ན་གཞོན་དུས་ཆེན་ལ་རོལ། ཝང་ཞོ་ཆིན་དང་སུའུ་ཉིན་སོགས་བྱ་འགུལ་དུ་ཞུགས།

སློབ་གྲྭ་དེས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་རིག་གནས་དུས་ཆེན་བསྡུ་བཞིན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་མ་རྣམས་ཀྱིས་རང་གི་སློབ་སྦྱོང་དང་སྤྱི་ཚོགས་ལག་ལེན་གྱི་གྲུབ་འབྲས་ངོམས། ལོ་ཧོས་ཉིན་སོགས་ཐང་ཆེན་དུ་ཐོན་ནས་ཚན་རྩལ་གསར་གཏོད་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་ཚུལ། རིག་གནས་ལུས་རྩལ་འཁྲབ་སྟོན་སོགས་ལ་བལྟས་ནས། ན་གཞོན་རྣམས་ཀྱི་སྐྱེ་སྟོབས་དང་རིག་སྟོབས་ལ་དགའ་སྤྲོའི་བསམ་པ་བསྟན་པས་ཐང་ཆེན་དུ་ཡོད་པའི་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག ལོ་ཧོས་ཉིན་གྱིས་སློབ་མ་རྣམས་དང་བསམ་བློ་བརྗེ་རེས་བྱས་ནས། སློབ་སྦྱོང་དང་འཚོ་བར་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད་མི་ཚེ་ཡི་ཕུགས་བསམ་སོགས་གླེང་། སློབ་མ་རྣམས་ཀྱི་ལག་ལེན་ནུས་པ་དང་། གསར་སྐྲུན་གྱི་ནུས་པ་ཇི་ལྟར་ཇེ་མཐོར་གཏོང་དགོས་པ་དེ་ནི། ལོ་ཧོས་ཉིན་གྱིས་སེམས་ཁུར་བྱེད་སའི་དོན་དག་རེད། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་སློབ་རྣམས་ཀྱིས་ཞིབ་འཇུག་གསར་གཏོད་བྱས་པའི་འཕྲུལ་མིའི་མདུན་དུ་ཐོན་རྗེས། འཕྲུལ་མིས་ཞབས་བྲོ་འཁྲབ་བཞིན་པ་དང་། སློབ་མ་རྣམས་ཀྱིས་འཕྲུལ་མིས་ཞབས་བྲོ་འཁྲབ་པའི་འགྲན་བསྡུར་ཁྲོད་དུ་རྒྱལ་ཡོངས་ཀྱི་བྱ་དགའ་ཐོབ་མྱོང་ཞེས་བཤད་རྗེས། ལོ་ཧོས་ཉིན་གྱིས་གཟེངས་བསྟོད་ཆེན་པོ་བྱས། སྨན་རྫས་དབྱེ་ཞིབ་བྱེད་སའི་ཚོད་ལྟ་ཁང་དུ་ཐོན་ནས་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་དང་། གྲོ་མ་སོགས་ཁྱད་སྟོབས་ཐོན་ཁུངས་ལ་བརྟེན་པའི་ལས་དོན་ཁྲོད་ནས་བོད་སྨན་ཞིབ་འཇུག་བྱས་ནས་རྒྱལ་ནང་གི་སྔོན་ཐོན་གྱི་ཆུ་ཚད་དུ་བསླེབ། ལོ་ཧོས་ཉིན་ཚོད་ལྟའི་ཁང་དུ་ཐོན་ནས། དགེ་སློབ་རྣམས་དང་བྱམས་བརྩེ་ངང་ཁ་བརྡ་བྱས་པ་དང་། ཚན་རིག་ཞིབ་འཇུག་དང་། ཚོད་ལྟ་སོགས་གནས་ཚུལ་ཞིབ་འདྲི་བྱས། ཁོས་སློབ་མ་རྣམས་ལ་བཤད་རྒྱུར། ཚོད་ལྟ་དང་རིག་གཞུང་སློབ་ཁྲིད་གཉིས་ཀ་གཙོ་བོ་ཡིན་པས། ཚོད་ལྟ་བྱེད་པ་ལས་སློབ་མའི་ཚན་རིག་ཞིབ་འཇུག་གི་སྙིང་སྟོབས་དང་ལག་པ་འགུལ་བའི་ནུས་པ་ཇེ་མཐོར་གཏོང་བ་དང་། མིག་རྒྱ་བསྐྱེད་པ། བྱང་ཚད་ཇེ་མཐོར་གཏོང་ཐུབ་ཟེར། 

ལོ་ཧོས་ཉིན་གྱིས་སློབ་གྲྭའི་རིག་ཚན་སྒྲིག་སྟངས་དང་སློབ་མའི་ལས་ཞུགས་སོགས་གནས་ཚུལ་ཞིབ་འདྲི་བྱས། ཁོས་བཤད་རྒྱུར། སློབ་མའི་ལས་ཞུགས་དང་ཤེས་ལྡན་མི་སྣར་འགྱུར་བའི་རྨང་གཞི་སློབ་གསོ་ཡིན་པ་དང་། སྤུས་ལེགས་ཀྱི་སློབ་གསོ་ཡོད་ན་ད་གཟོད་ན་གཞོན་རྣམས་ཀྱིས་མ་འོངས་བ་གསར་སྐྲུན་བྱེད་ཐུབ། ཁོས་མཐོ་རིམ་སློབ་གྲྭས་ཚན་རིག་སྒྲིག་གཞི་ལེགས་སྒྲིག་བྱས་ནས། ཚད་དང་མཐུན་པའི་རྒྱུད་འཛིན་པ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག