མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་སྤྱི་ཟླ5བའི་ཟླ་སྟོད་དུ་ཕྱོགས་ཡོངས་ནས་ལས་འགོ་རྩོམ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-04 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས3ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་བྱ་བ་དངོས་གནས་ལེགས་པོར་སྒྲུབ་ཆེད། ཉེ་ལམ་མཚོ་སྔོན་གྱིས2013ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་འཛུགས་སྐྲུན་ལས་འགན་ཁྱིམ་ཚང་ཁྲི2.5གཏན་འཁེལ་བྱས་ལ། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ཁ་གསབ་ཚད་གཞི་ནི་སྒོར་ཁྲི2.2ཡིན་པ་དང་། མིག་སྔར་ལས་གཞི་འདིའི་ལག་བསྟར་འཆར་འགོད་བྱ་བར་བདེ་བླག་ངང་ཞིབ་དཔྱད་ཐོབ་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལོའི་ཁང་རྙིང་བསྒྱུར་ཁྱིམ་ཚང་ཁྲི2.5ནང་། མཚོ་ཤར་ས་ཁུལ་ལ་ཁྱིམ་ཚང10000དང་ཟི་ལིང་གྲོང་ཁྱེར་ལ་ཁྱིམ་ཚང6500། མཚོ་ལྷོ་ཁུལ་ལ་ཁྱིམ་ཚང3000། མཚོ་བྱང་ཁུལ་ལ་ཁྱིམ་ཚང2500། རྨ་ལྷོ་ཁུལ་ལ་ཁྱིམ་ཚང1100། མཚོ་ནུབ་ཁུལ་ལ་ཁྱིམ་ཚང1000། མགོ་ལོག་ཁུལ་ལ་ཁྱིམ་ཚང900བཅས་ཡོད་པ་དང་། མཚོ་སྔོན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་བྱ་བའི་གཙོ་གནད་དང་གཟིགས་སྐྱོང་བྱེད་ཡུལ་དེ་ཁང་རྙིང་ནང་སྡོད་པའི་ལྔ་སྐྱོང་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། དབང་བོ་སྐྱོན་ཅན་ཁྱིམ་ཚང་དང་གཙོ་གནད་གཟིགས་སྐྱོང་བྱེད་ཡུལ་ཁྱིམ་ཚང་བཅས་ལ་གཏན་འཁེལ་བྱས་ཏེ། རང་དགར་ཁྱབ་ཁོངས་རྒྱ་བསྐྱེད་ཏུ་གཏོང་རྒྱུ་མིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག