མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ནོར་སྲིད་ཀྱིས་ཡང་བསྐྱར་ཐན་འགོག་ཁ་གསབ་མ་དངུལ་སྒོར་ཁྲི7400བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-04 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱི་ཐན་སྐྱོན་ཚབས་ཆེ་བར་གཞིགས་ཏེ། ཞིང་ཆེན་ནོར་སྲིད་ཀྱིས་དམིགས་བསལ་བྱ་བ་མྱུར་སྐྱོབ་བྱེད་པའི་རྩ་དོན་ལྟར། ཉེ་སྔོན་ཡང་བསྐྱར་ཐན་སྐྱོན་ཆེན་པོའི་ཁ་གསབ་མ་དངུལ་དང་ཐན་འགོག་ཞབས་ཞུ་རུ་ཁག་གི་སྒྲིག་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་ཁྲི7400བཏང་སྟེ། ཞིང་ལས་ཐོན་སྐྱེད་ཀྱི་ཐན་འགོག་ཞབས་ཞུ་བྱ་བར་རོགས་སྐྱོར་བྱས་ནས་ཐན་འགོག་གནོད་འགོག་གི་ནུས་པ་ཇེ་མཐོར་བཏང་།

ཐེངས་འདིའི་ནོར་སྲིད་ཁ་གསབ་མ་དངུལ་དག་གཙོ་བོ་ཆུ་འདོན་ཆུ་རྐ་དང་སྦུག་ལམ་སོགས་ཐན་འགོག་མྱུར་སྐྱོབ་ཆུ་འདྲེན་ཞིག་གསོ་བཟོ་འགོད་དང་ཐན་འགོག་ཞབས་ཞུ་རུ་ཁག32ཀྱི་སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་ཐད་ལ་བཀོལ་རྒྱུ་ཡིན་པ་དང་། མིག་སྔའི་ཐན་འགོག་དང་དཔྱིད་འདེབས་འགན་སྲུང་བྱ་བར་རོགས་སྐྱོར་བྱས་ཏེ། ཐན་འགོག་མྱུར་སྐྱོབ་ནུས་པ་ཇེ་མཐོར་གཏོང་བར་སྐུལ་སྤེལ་གྱི་ནུས་པ་ཐོན་ཐུབ།

ཞིང་ཆེན་ནོར་སྲིད་ཀྱིས་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་མ་དངུལ་ལྟ་སྐུལ་ལ་དངོས་གནས་ཤུགས་བསྣན་ཏེ། སྒྲིག་ཆས་ཉོ་སྒྲུབ་བྱེད་པར་སྲིད་གཞུང་གི་ཉོ་སྒྲུབ་བྱེད་པའི་འབྲེལ་ཡོད་གོ་རིམ་ལྟར་སྒྲུབ་པ་དང་། ཐན་འགོག་མ་དངུལ་ཆེད་སྤྱོད་བྱེད་པར་ཁག་ཐེག་བྱས་ཏེ་བྱེད་ནུས་གང་ལེགས་འདོན་དགོས་པའི་བླང་བྱ་བཏོན། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག