མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ས་གཤིས་གནོད་འཚེ་བཅོས་སྐྱོང་ལག་རྩལ་བརྗེ་རེས་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ས་གཤིས་སློབ་ཚོགས་ཆུའི་བྱ་བ་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་དང་རྒྱལ་སྤྱིའི་གནོད་འགོག་ཁེ་ལས་གྲགས་ཅན་མར་ཁི་ཧྥེས་ཨེའི་ཀྲུང་གོ་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་ས་གཤིས་གནོད་འཚེ་བཅོས་སྐྱོང་ཞེས་པའི་ལག་རྩལ་བརྗེ་རེས་ཚོགས་འདུ་བསྡུས། ཚོགས་འདུ་དེའི་དམིགས་ཡལ་ནི་ཉེ་ལམ་རྒྱལ་ཡོངས་སུ་ས་འགུལ་དང་རི་ཉིལ་བ་སོགས་རང་བྱུང་གནོད་འཚེ་རྒྱུན་དུ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་ཆུ་ལོག་རྒྱུག་པའི་དུས་ལ་སླེབས་ཡོད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། སྟོབས་ཤུགས་ཡོད་དགུས་ཆེད་ལས་ལག་རྩལ་མི་སྣའི་ས་གཤིས་རང་བྱུང་གནོད་འཚེ་འགོག་བཅོས་བྱེད་པའི་ཐད་ཀྱི་ཆེད་ལས་ལག་རྩལ་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་སྔོན་འགོག་དང་དོགས་ཟོན་བྱེད་པའི་ནུས་པ་ཇེ་ཆེར་གཏོང་རྒྱུ་དེ་རེད། མཚོ་སྔོན་ཞིང་ཆེན་ས་གཤིས་སློབ་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་ས་གཤིས་རྩད་ཞིབ་ཅུའུ། མཚོ་སྔོན་ཞིང་ཆེན་ཆུའི་བྱ་བ་དང་ཁོར་ཡུག་ས་གཤིས་རྟོག་ཞིབ་ཁང་། མཚོ་སྔོན་ཞིང་ཆེན་ཉུང་རྡུལ་བྱ་བའི་ས་གཤིས་ཅུའུ། མཚོ་སྔོན་ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་སོགས་དང་འབྲེལ་ཡོད་ལས་ཁུངས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཉིས་བརྒྱ་ལྷག་ལག་རྩལ་བརྗེ་རེས་ཚོགས་འདུར་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག