མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་མུའུ་སི་ལིན་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུ་མཇུག་རྫོགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:01

2222.jpg

ཚེས3ཉིན་གྱི་ཕྱི་དྲོར2013ལོའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་མུའུ་སི་ལིན་ཟས་རིགས་དང་ཅ་ལག་འགྲེམ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས3ཉིན་གྱི་ཕྱི་དྲོར2013ལོའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་མུའུ་སི་ལིན་ཟས་རིགས་དང་ཅ་ལག་འགྲེམ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་། ཀན་སུའུ་མི་དམངས་སྲིད་གཞུང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི2013ལོའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་མུའུ་སི་ལིན་ཟས་རིགས་དང་ཅ་ལག་འགྲེམ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཉིན་གསུམ་རིང་ལ་འགྲེམ་སྟོན་བྱ་འགུལ་སྤེལ་ནས་ཚེས་གསུམ་ཉིན་མཇུག་རྫོགས།

    གསར་འགྱུར་མགྲིན་ཚབ་པས་བཤད་རྒྱུར། 2013ལོའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་མུའུ་སི་ལིན་ཟས་རིགས་དང་ཅ་ལག་འགྲེམ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་འགྲེམ་ཚོང་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཚོགས་འདུ། ཚོང་གཏམ་ཚོགས་འདུ་སོགས་བསྡུས་ནས་རྒྱལ་ཁབ་ཕྱི་ནང་གི་མུའུ་སི་ལིན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ལ་འཚོལ་ཞིབ་བྱས་པ་དང་། ད་རུང་རྒྱལ་སྤྱིའི་མུའུ་སི་ལིན་དཔང་ཡིག་བདེན་པ་ཡིན་པའི་ར་སྤྲོད་བྱེད་ས་ཇི་ལྟར་ལེན་པ་སོགས་གནད་དོན་ཐད་ལ་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་བརྗེ་རེས་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དྲུག་ཅུ་ལྷག་དང་མཉམ་དུ་ཐོན་རྫས་ཉོ་བའི་གན་རྒྱ་བཞག་པ་དང་ལས་གཞིའི་གྲོས་མཐུན་བཀོད། འགྲེམ་སྟོན་ཚོགས་འདུ་དེ་རྒྱལ་སྤྱི་ཅན་དང་ཆེད་ལས་ཅན་བཅས་ཀྱི་ཁྱད་ཆོས་མངོན་ཞིང་། དེའི་ནང་དུ་རྒྱལ་ཁབ་བར་འགྲེམ་སྟོན་བྱེད་པ་དང་། ཕྱི་རྒྱལ་གྱི་ཚོང་བ་ཞུགས་པ་སོགས་སོ་སོར་ལྔ་བཅུ་ནས་བརྒྱ་དང་གྱ་བཞིར་བསླེབས་པས་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་ཟེར།

    རྒྱུས་ལོན་བྱུང་བ་ལྟར་ན། ཉིན་བཞིའི་རིང་གི་འགྲེམ་སྟོན་ཁྲོད་གནས་སྐོར་པ་འབུམ་གཉིས་སུ་བསླེབས་པ་དང་། རྒྱལ་ཁབ་དང་ས་ཁུལ་ལྔ་བཅུ་ལྷག་གི་ཁེ་ལས་བདུན་བརྒྱ་དང་གོ་གཉིས་འགྲེམ་སྟོན་ཚོགས་འདུའི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ཚོགས་འདུར་ཞུགས། བསྡོམས་རྩིས་བྱས་པ་ལྟར་ན། རེབ་འདིའི་འགྲེམ་སྟོན་ཚོགས་འདུའི་ཡུལ་དངོས་ནས་ཚོང་གཉེར་བའི་མ་དངུལ་མི་དམངས་ཤོག་སྒོར་བྱེ་བ་གཉིས་ལས་བརྒལ། རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲིག་ཚད་ཨ་མེ་རི་ཁའི་སྒོར་མོ་བྱེ་བ་བདུན་དང་ས་ཡ་གསུམ་འབུམ་ལྔར་བསླེབས་པ་དང་། ཚོང་འགུག་དངུལ་འདྲེན་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལས་གཞིའི་གྲོས་མཐུན་བཀོད་པའི་མ་དངུལ་ཨ་མེ་རི་ཁའི་སྒོར་མོ་ཕལ་ཆེར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་གཉིས་སུ་བསླེབས། དེའི་ནང་དུ་མཚོ་སྔོན་གྱིས་བཀོད་པའི་ཉོ་ཚོང་ལས་གཞིའི་གན་རྒྱ་བཞི་བཅུ་ལས་བརྒལ་ཞིང་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན། །    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག