མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་ཧྭ་ཐུའུ་གུག་གནམ་གྲུ་ཐང་ལ་མ་དངུལ་སྒོར་དུང་ཕྱུར་བཞི་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧྭ་ཐུའུ་གུག་དམངས་གཉེར་གནམ་གྲུ་ཐང་གི་འཛུགས་སྐྲུན་ལས་གཞི་ནི་མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཛུགས་སྐྲུན་ལས་གཞིའི་ཁྲོད་ཀྱི་གཅིག་ཡིན་ལ། ལས་གཞི་དེ་2012ལོའི་ཟླ10བ་ནས་བཟུང་ལས་མགོ་བརྩམས་པ་དང་། 2012ལོར་འགྲོ་སོང་སྒོར་བྱེ་བ་དགུ་བཏང་། ད་ལོ་འཆར་གཞི་ལྟར་ན་བཟོ་སྐྲུན་གྱི་ཐད་ལ་མ་དངུལ་སྒོར་དུང་ཕྱུར་བཞི་གཏོང་རྒྱུ་རེད། གནམ་གྲུའི་འབབ་ཐང་དང་མ་ལག་ཆ་ཚང་སྒྲིག་པ། གནམ་གྲུ་ཐང་ཐོག་ཁང་གི་མ་གཞིའི་ཆགས་ཚུལ་བཟོ་སྐྲུན་སོགས་གནམ་གྲུ་ཐང་འཛུགས་སྐྲུན་གྱི་བརྒྱ་ཆའི་བཞི་བཅུ་དང་སྤྱིའི་དཔེ་རིས་ཀྱི་བརྒྱ་ཆའི་སུམ་ཅུ། རྒྱབ་ཕྱོགས་ཞབས་འདེགས་བཟོ་སྐྲུན་གྱི་བརྒྱ་ཆའི་ལྔ་བཅུ་ལེགས་འགྲུབ་འབྱུང་དུ་འཇུག་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག