མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྐང་ཚྭ་རྫོང་གིས་ད་ལོར་ས་རྨིད་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་བདུན་ལ་ལྗང་བསྒྱུར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚྭ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་ནས། མ་དངུལ་སྒོར་མོ་ས་ཡ་དྲུག་དང་འབུམ་གསུམ་ཁྲི་བདུན་བཏང་ནས་རྫོང་མཁར་ནང་ཁུལ་གྱི་ས་ཁོངས་བརྒྱད་ལ་སྣ་ཁ་མི་འདྲ་བའི་སྡོང་ཕྲུག་ས་ཡ་གཅིག་དང་ཁྲི་དྲུག་འཛུགས་པ་དང་། ས་རྨིད་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་བདུན་ལ་ལྗང་བསྒྱུར་བྱེད་རྒྱུའི་འཆར་གཞི་ཡོད།

ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་སྐྱེ་ཁམས་འགོག་སྲུང་ནགས་འཛུགས་སྐྲུན་བྱེད་པ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ། གྲོང་ཁྱེར་ནང་ཁུལ་གྱི་མི་རེའི་ཆ་སྙོམས་ཀྱི་ལྗང་བསྒྱུར་རྒྱ་ཁྱོན་ཇེ་ཆེར་གཏོང་བ། ཚད་གཞི་ལས་བརྒལ་བའི་ཞིང་ཆེན་རིམ་པའི་གཙང་དག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ། རྐང་ཚྭ་རྫོང་གིས་ད་ལོར་མཐོ་ཚད་ལིས་རྨིད་བརྒྱད་ཅུའི་ཡན་གྱི་མཚོ་སྔོན་གྱི་གསོམ་ཕྲུག་ཁྲི་གསུམ་སྟོང་དྲུག་དང་། རྒྱ་ལྕང་ནག་པོ་ས་ཡ་གཅིག སྡོང་རིགས་གཞན་པ་ཁྲི་གསུམ་ལྷག་བཅས་ནང་འདྲེན་བྱས་ཏེ་གྲོང་གསེབ་ལྗང་བསྒྱུར་བྱེད་རྒྱུ་ཡིན་པ་མ་ཟད། སྡོང་ཕྲུག་གི་གསོན་ཚད་ལ་གཏན་ཁེལ་བྱས་ཏེ། སྤུས་ཚད་མཐོ་བ་དང་། ལས་ཆོད་མཐོ་བ། ཚད་གཞི་མཐོ་བའི་ངང་གྲོང་ཁྱེར་ནང་ཁུལ་གྱི་ལྗང་བསྒྱུར་བྱ་བ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག