མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་བློ་མཐུན་ཧན་ཧོས་དབྱིན་དང་ཚེ་རིང་བཟང་བོ་གཉིས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས། བློ་མཐུན་ཧན་ཧོས་དབྱིན་དང་ཚེ་རིང་བཟང་བོ་གཉིས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བར་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ཀྱིས་དོན་དངོས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ། དཔའ་བོ་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་སློང་དགོས་པའི་རེ་བ་བཏོན།

ཚོགས་འདུའི་སྟེང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ཧན་ཧོས་དབྱིན་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བརྒྱད་གཅིག་སྨན་ཁང་གི་སྔོན་ཆད་ཀྱི་ཡོན་ཀྲང་ཚེ་རིང་བཟང་བོ་གཉིས་ནི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་མིག་དཔེ་ཡིན་ལ། གཞི་རིམ་ནས་བྱ་བ་བསྒྲུབས་ཏེ་མི་དམངས་ལ་ཞབས་ཕྱི་བསྒྲུབ་པའི་ཕུལ་དུ་བྱུང་བའི་བོད་རིགས་ལས་བྱེད་པའི་ཕུལ་བྱུང་འཐུས་མི་ཡང་རེད། ཁོ་ཚོས་རང་གི་ཡོད་ཚད་ཡུལ་ཤུལ་གྱི་སྨན་བཅོས་ལས་དོན་ཐད་ལ་ཕུལ་བས། ཁོ་ཚོའི་བླ་ན་མེད་པའི་བྱས་རྗེས་ཀྱིས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག ཁོ་ཚོས་བྱ་སྤྱོད་དངོས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་དུས་རབས་ཀྱི་རྡོ་རིང་བསྐྲུན།ང་ཚོ་ཚང་མས་ཁོ་ཚོར་སློབ་སྦྱོང་བྱས་ཏེ། ཕུགས་བསམ་དང་འདུ་ཤེས་ཆེན་པོ་ཞིག་བཅངས་ནས། གུང་ཁྲན་ཏང་མིའི་སྙིང་སྟོབས་སྲུང་འཛིན་བྱེད་དགོས་ཞེས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག