མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོ་གྲོང་ཁྱེར་གྱིས་དཔྱིད་དུས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་དུས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། ཕྱུགས་ལས་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། གསོ་སྤེལ་ལས་རིགས་ཀྱི་ཐོན་སྐྱེད་དང་། རི་སྐྱེས་སྲོག་ཆགས་ཐོན་རྫས་ཀྱི་རྒྱུ་སྤུས་དང་སྤྱི་སྤྱོད་འཕྲོད་བསྟེན་བདེ་འཇགས་བྱ་བར་སྲུང་སྐྱོབ་བྱེད་ཆེད། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་སོ་སོར་གྲོང་ཁྱེར་ཡོངས་ཀྱི་ཕྱུགས་ཟོག་དང་ཁྱིམ་ཕྱུགས། ཁྱིམ་བྱ་སོགས་འབུམ་གསུམ་དང་ཁྲི་བདུན་ལ་འགོག་ཁབ་རྒྱག་པའི་བྱ་བ་སྤེལ།

ན་གོར་མོ་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཕྱུགས་ཟོག་དང་ཁྱིམ་བྱ་སོགས་གསོ་ཁ་ནས་བུད་པའི་གནས་ཚུལ་ལ་དམ་པོར་དམིགས་ནས། ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་ཞང་དང་གྲོང་བརྡལ་དང་། འབྲོག་ཕྱོགས། སྡོད་ཁུལ་བཅས་སུ་སོང་ནས་རི་སྐྱེས་སྲོག་ཆགས་ཀྱི་ནད་ཡམས་འགོག་པ་དང་འགོག་ཁབ་རྒྱག་པ། ནད་ཡམས་ཁྱབ་བཤེར། དུག་སེལ་བ་སོགས་ཀྱི་བྱ་བ་སྤེལ་བའི་ཞོར་དུ། ལས་བྱེད་མི་སྣས་གསོ་སྤེལ་ཁྱིམ་ཚང་ལ་སེམས་ཞིབ་མོས་འགོག་ཁབ་རྒྱག་དགོས་པའི་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རི་སྐྱེས་སྲོག་ཆགས་ཀྱི་ནད་ཡམས་འགོག་པའི་བྱ་བའི་གལ་ཆེན་རང་བཞིན་དང་རི་སྐྱེས་སྲོག་ཆགས་ཀྱི་ནད་ཡམས་འགོག་པའི་ཤེས་བྱ་བསྒྲགས། ཤེས་བྱ་བསྒྲགས་རྗེས། གསོ་སྤེལ་ཁྱིམ་ཚང་གིས་རི་སྐྱེས་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་བྱེད་པའི་ཐད་ཀྱི་ཤེས་བྱ་ཅུང་ཙམ་ཁོང་དུ་ཆུད་པ་དང་། མང་ཚོགས་ཀྱི་ནད་ཡམས་སྔོན་འགོག་བྱེད་པའི་འདུ་ཤེས་དང་སྤྱི་སྤྱོད་འཕྲོད་བསྟེན་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་སོང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག