མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་བཏང་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བར་འབད་བརྩོན་བྱས་ཏེ། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བ་དང་འགན་སྲུང་བྱེད་པའི་འབུར་ཐོན་གནད་དོན་ཞིག་ཏུ་བརྩིས་ནས། མ་དངུལ་གཏོང་བའི་སྒྲིག་གཞི་ཇེ་ལེགས་སུ་བཏང་བ་དང་། ཞིང་བ་དང་ཞིང་ལས། ཞིང་སྡེ་བཅས་ཀྱི་སློབ་གསོའི་རིག་གནས་དང་སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པ་སོགས་ཐད་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ཏེ། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།

ད་ལོར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ལས་ཐད་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། ལོ་སྟོད་དུ་ཞིང་ཆེན་རིམ་པས་ཞིང་བར་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་བྱེ་བ་བཞི་གཏོང་རྩིས་ཡོད་པ་དང་། སྔོན་ལོ་ལས་བརྒྱ་ཆའི་སོ་གཉིས་ལྷག་ཇེ་མང་དུ་སོང་། ཞིང་བར་རྒྱབ་སྐྱོར་བྱེད་པའི་མ་དངུལ་དག་ཐེར་བྱས་ནས། ཉིས་སྟོང་བཅུ་གསུམ་ལོར་ཞིང་ཆེན་རིམ་པའི་ཞིང་བར་རྒྱབ་སྐྱོར་བྱེད་པའི་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་ང་ལྔ་དང་བྱེ་བ་གསུམ་དུ་བསླེབས་པ་དང་། སྔོན་ལོ་ལས་བརྒྱ་ཆའི་ང་དྲུག་ཇེ་མང་དུ་སོང་།

སྤྱི་ཚོགས་ལས་དོན་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་ཆེད། གཅིག་ནས་སློབ་གསོ་འཕེལ་རྒྱས་ཡར་སྐུལ་བྱེད་དགོས། གཉིས་ནས་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་སུ་གཏོང་དགོས། གསུམ་ནས་སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། བཞི་ནས་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ལྔ་ནས་རིག་གནས་ལས་དོན་འཕེལ་རྒྱས་སུ་གཏོང་དགོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག