མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ལོ་ཏུའུ་རྫོང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་ཟི་ཁྲོན་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ལ་གཅེས་སེམས་ཀྱི་ཞལ་འདེབས་ཕུལ་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ལོ་ཏུའུ་རྫོང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་མང་པོས་བརྙན་འཕྲིན་སྟེང་ནས་ཟི་ཁྲོན་ལུའུ་ཧྲན་རྫོང་ནས་ས་འགུལ་དྲག་པོ་བྱུང་བའི་གནས་ཚུལ་མཐོང་རྗེས། ཚང་མས་རང་རྟོགས་སྒོས་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་གཅེས་སེམས་ཀྱི་ཞལ་འདེབས་ཕུལ།

ལས་བྱེད་པ་རྒན་པ་ཁ་ཤས་རང་རྟོགས་སྒོས་རྫོང་དམངས་སྲིད་ཅུའུ་དང་རྫོང་ལས་བྱེད་པའི་རྒན་པ་ཅུའུ་ལ་སོང་སྟེ་ཞལ་འདེབས་ཕུལ་བ་དང་། ལས་བྱེད་པ་རྒན་པ་ཁ་ཤས་ཀྱིས་རང་ཡོད་སའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཏང་ཀྲི་པུའུ་ནས་ཧུར་ཐག་སྒོས་ཞལ་འདེབས་ཕུལ། ཉེ་ལམ། ལོ་ཏུའུ་རྫོང་སྲིད་གཞུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཏང་ཀྲི་པུའུ་ཡི་ལས་བྱེད་པ་རྒན་པ་བཅུ་དགུ་ཡིས་མ་དངུལ་སྒོར་སྟོང་གཉིས་ལྷག་ཞལ་འདེབས་སུ་ཕུལ། ཀྲི་པུའུ་ཧྲུའུ་ཅི་བང་ཡུང་ཨེ་ཡིས་བཤད་རྒྱུར། ཟི་ཁྲོན་ལུའུ་ཧྲན་རྫོང་དུ་ས་འགུལ་དྲག་པོ་བྱུང་སྟེ། ང་ཚོ་གནོད་སེལ་རྒུད་སྐྱོབ་བྱ་བའི་ཡུལ་དངོས་སུ་འགྲོ་མ་ཐུབ་ན་ཡང་། སྒོར་མོ་ཞལ་འདེབས་སུ་ཕུལ་ཏེ་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག