མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“ལྔ་གཅིག”ངལ་གསོ་དུས་སྐབས་སུ་མཚོ་སྔོན་གྱིས་གནས་སྐོར་བ་མི་ཐེངས་ཁྲི72.95སྣེ་ལེན་བྱས་ཤིང་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར3.22ལ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-03 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི“ལྔ་གཅིག”ངལ་གསོ་དུས་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་གནས་སྐོར་བ་མི་ཐེངས་ཁྲི72.95སྣེ་ལེན་བྱས་ཤིང་། དུས་མཉམ་ལས15.5%འཕར་ཡོད། དེའི་ནང་ཞག་སྡོད་གནས་སྐོར་བ་མི་ཐེངས་ཁྲི15.08ལ་སླེབས་པ་དང་དུས་མཉམ་ལས9.3%འཕར། ཉིན་གཅིག་ལ་གནས་སྐོར་བྱེད་པའི་འགྲུལ་བ་མི་ཐེངས་ཁྲི57.87ལ་སླེབས་པ་དང་དུས་མཉམ་ལས17.1%འཕར་ཡོད། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར3.22མངོན་འགྱུར་བྱས་ཤིང་དུས་མཉམ་ལས20.5%འཕར་ཡོད། སྐར་མ་རིམ་པའི་མགྲོན་ཁང་དུ་ཞག་སྡོད་བྱེད་ཚད47.2%ལ་སླེབས་ཡོད།

“ལྔ་གཅིག”ངལ་གསོའི་དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཐད་ཞུ་གཏུག་དོན་རྐྱེན་ཆེན་པོ་བྱུང་མེད་པ་དང་། འགྲིམ་འགྲུལ་ཆག་སྒོ་ཡང་བྱུང་མེད་ལ། མཛེས་ལྗོངས་ཁུལ་གཙོ་བོའི་གནས་སྐོར་བ་སྣེ་ལེན་བྱས་པའི་གནས་ཚུལ་ནི། ཟི་ལིང་མི་དམངས་སྤྱི་གླིང་དང་ནུབ་རི་སྤྱི་གླིང་གིས་སོ་སོར་གནས་སྐོར་བ་མི་ཐེངས་ཁྲི8.93དང་མི་ཐེངས་ཁྲི2.5སྣེ་ལེན་བྱས། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི1.58སྣེ་ལེན་བྱས་ལ་དུས་མཉམ་ལས17.96%འཕར། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཁྲི187ལ་སླེབས་པ་དང་དུས་མཉམ་ལས21.82%འཕར་ཡོད། སྐུ་འབུམ་དགོན་པ་མཛེས་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི1.68སྣེ་ལེན་བྱས་ལ། གནས་སྐོར་ཡོང་སྒོ་སྒོར་ཁྲི302.22མངོན་འགྱུར་བྱས། ཁྲི་ཀའི་གནས་སྐོར་མཛེས་ལྗོངས་ཁུལ་སོ་སོར་གནས་སྐོར་བ་མང་པོ་འདུས་ཡོད་ལ། བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི12.5སྣེ་ལེན་བྱས་ཤིང་གནས་སྐོར་ཡོང་སྒོ་སྒོར་ཁྲི3375མངོན་འགྱུར་བྱས། ཞོན་ཧྭ་ལྗང་མདོག་ཁྱིམ་གཞིས་ཡིས་གནས་སྐོར་བ་མི་ཐེངས་ཁྲི4.2སྣེ་ལེན་བྱས་ལ། གནས་སྐོར་ཡོང་སྒོ་སྒོར་ཁྲི1659.12མངོན་འགྱུར་བྱས། ཧུའུ་ཀྲུའུ་གནས་སྐོར་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི3.44སྣེ་ལེན་བྱས་ལ། གནས་སྐོར་ཡོང་སྒོ་སྒོར་ཁྲི68མངོན་འགྱུར་བྱས། ཁམས་ར་མཛེས་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས1899སྣེ་ལེན་བྱས་ལ། གནས་སྐོར་ཡོང་སྒོ་སྒོར་ཁྲི16.52མངོན་འགྱུར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག