མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གི་ཁྱིམ་ཚང486སྡོད་ཁང་གསར་བར་སྤར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-03 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི2013ལོའི་སྐོར་དང་པོའི་གླ་རིན་དམའ་བའི་སྡོད་ཁང་བགོ་སྤྲོད་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། གླ་རིན་དམའ་བའི་སྡོད་ཁང་བགོ་སྤྲོད་ཆ་རྐྱེན་དང་འཚམ་པའི་སྡོད་ཁང་དཀའ་ངལ་ཁྱིམ་ཚང486སྡོད་ཁང་གསར་བར་སྤར།

ཐེངས་འདིར་གླ་རིན་དམའ་བའི་སྡོད་ཁང་བགོ་སྤྲོད་བྱེད་པར་ནན་ཏན་སྒོས“རང་འགུལ་གྱིས་སྙན་ཞུ་འབུལ་བ་དང་རིམ་པ་བཞིན་ཞིབ་བཤེར་བྱེད་པ། མངོན་གསལ་གྱིས་སྤྱི་བསྒྲགས་བྱེད་པའི”རྩ་དོན་དང་རྒྱལ་ཁབ་ཀྱི་གླ་རིན་དམའ་བའི་སྡོད་ཁང་གི་འབྲེལ་ཡོད་སྲིད་ཇུས་གཏན་འཁེལ་ལྟར་ལག་བསྟར་བྱས་པས། སྤྱི་བསྒྲགས་དང་། དྲང་བདེན། དྲང་སྙོམས། མངོན་གསལ་བཅས་སྒྲུབ་ཡོད་པ་རེད། སྐོར་དང་པོའི་གླ་རིན་དམའ་བའི་སྡོད་ཁང་བགོ་སྤྲོད་བྱེད་པར་ཁྱིམ་ཚང573གྱི་སྙན་ཞུ་དང་ལེན་བྱས་ཤིང་། རིམ་པ་གསུམ་གྱིས་ཐེངས་གཉིས་ལ་སྤྱི་བསྒྲགས་བྱས་རྗེས་གླ་རིན་དམའ་བའི་སྡོད་ཁང་སྙན་ཞུ་འབུལ་བའི་ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང523གཏན་འཁེལ་བྱས་ལ། ཁྱིམ་ཚང486གླ་རིན་དམའ་བའི་སྡོད་ཁང་དུ་གནས་སྤར་ཐུབ་པ་བྱུང་བས། རྫོང་ཡོངས་ཀྱི་གླ་རིན་དམའ་བའི་སྡོད་ཁང་བགོ་སྤྲོད་བྱེད་ཚད92%ལ་སླེབས་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག