མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ལ་ཀྲུང་དབྱང་གིས་མ་དངུལ་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-03 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་པུའུ་ཡིས་ཉེ་ལམ་མཚོ་སྔོན་ལ2013ལོའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཆ་སྡེབ་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་འཆར་འགོད་མ་དངུལ་སྒོར་ཁྲི20680བཏང་།

པུའུ་ཨུ་གཉིས་ཀྱི་བླང་བྱར་གཞིགས་ཏེ། མཚོ་སྔོན་གྱིས་ནན་ཏན་སྒོས་ལས་གཞིའི་འཛུགས་སྐྲུན་ཆ་རྐྱེན་དངོས་འབེབས་བྱས་ཏེ། དུས་ལྟར་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་དག་གཅིག་གྱུར་སྒོས་ཉེ་བའི་ལོ་གཉིས་རིང་གི་འཆར་གཞི་བཀོད་སྒྲིག་ལྟར་གླ་རིན་དམའ་བའི་སྡོད་ཁང་དང་རྒྱལ་དབང་བཟོ་གཏེར་ཁུལ་གྱི་སྤྱིལ་ཁྱིམ་བསྒྱུར་བཅོས། ཀྲུང་དབྱང་གི་རྡོ་སོལ་གཏེར་ཁུངས་ཀྱི་སྤྱིལ་ཁྱིམ་བསྒྱུར་བཅོས། རྒྱལ་དབང་ནགས་ཁུལ་གྱི་སྤྱིལ་ཁྱིམ་བསྒྱུར་བཅོས་དང་རྒྱལ་དབང་གསར་སྦོལ་ས་ཁུལ་གྱི་ཁང་རྙིང་བསྒྱུར་བཅོས་ལས་གཞི་བཅས་དང་ཐད་ཀར་དུ་འབྲེལ་བའི་ཆ་སྡེབ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་བཀོལ་རྒྱུ་ཡིན་པ་དང་། དེའི་ནང་དམིགས་བསལ་དཀའ་ངལ་ས་ཁུལ་དང་ནགས་ཁུལ་བཟོ་བ་སོགས་དཀའ་ངལ་མང་ཚོགས་ཀྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་བྱེད་པར་གཟིགས་སྐྱོང་བྱེད་རྒྱུ་རེད། དུས་མཚུངས་སུ། ལས་གཞིའི་འཛུགས་སྐྲུན་དང་མ་དངུལ་དོ་དམ་ལ་དངོས་གནས་ཤུགས་སྣོན་རྒྱུ་ཡིན་པ་དང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཆ་སྡེབ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་རྩ་འཛུགས་མཐུན་སྦྱོར་ལ་ཤུགས་བསྣན་ནས་དུས་ལྟར་ལག་བསྟར་བྱེད་པ་དང་། འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་སྤུས་ཚད་དོ་དམ་ལ་ཤུགས་བསྣན་ཏེ་སྡོད་ཁང་བཟོ་འགོད་དུས་མཉམ་ངང་ལེགས་འགྲུབ་དང་བེད་སྤྱོད་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག